ཧྭ་ཝེའི་རིག་ལྡན་འཚོ་བ་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས།

གསར་སྒྱུར་གྱི་ཚེས་གྲངས། 2023 ལོའི་ཟླ་ 10 ཚེས་ 31 ཉིན།

ཧྭ་ཝེའི་རིག་ལྡན་འཚོ་བ་ཞེས་པ་ནི་ཧྭ་ཝེ་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སི་ (གཤམ་ནས་བསྡུས་མིང་ལ་ང་ཚོའམ་ཧྭ་ཝེ་ཞེས་འབོད།) ཡིས་ཁྱེད་ལ་རིག་ལྡན་སྒྲིག་ཆས་ཚོད་འཛིན་དང་དོ་དམ་གྱི་ཞབས་ཞུ་མཁོ་འདོན་བྱེད་པའི་ཉེར་སྤྱོད་ཅིག་ཡིན། ཧྭ་ཝེ་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་སྒེར་གསང་སྲུང་སྐྱོབ་ལ་མཐོང་ཆེན་ཚད་མེད་བྱེད་ལ། ང་ཚོས་བཅའ་ཁྲིམས་ཀྱི་རེ་འདུན་དང་ལས་རིགས་ཀྱི་གནད་སྨིན་འཐུས་ཚང་དུ་གྱུར་བའི་བདེ་འཇགས་ཚད་གཞི་གཞིར་བཟུང་ནས། ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དེ་མཚུངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་མཁོ་འདོན་བྱེད་པ་ཡིན།

པར་གཞི་བསྒྱུར་བཅོས་གསལ་བཤད།

ལས་སྒོའི་འཕེལ་རྒྱས་དང་ལེགས་འགྱུར་བྱུང་བའི་རྐྱེན་གྱིས་གསང་བའི་གསལ་བསྒྲགས་གསར་སྒྱུར་བྱེད་དུ་བཅུག་ན། ཁྱེད་ཀྱིས་གསང་བའི་གསལ་བསྒྲགས་འདིའི་བསྒྱུར་བཅོས་ཀྱི་ནང་དོན་ཞིབ་ཏུ་གཟིགས་རོགས།

1. ང་ཚོས་རིག་ལྡན་སྒྲིག་ཆས་ཀྱི་སྤྲིན་ཐོག་ཞབས་ཞུའི་ས་བཅད་གསར་འདོན་བྱས་ལ། ལམ་སྟོན་ཆས་ཀྱི་རྒྱང་རིང་དོ་དམ་ལས་སྒོའི་འབྲེལ་ཡོད་གསལ་བཤད་ཁ་གསབ་བྱས་ཡོད།

2. རིག་ལྡན་སྒྲིག་ཆས་ཀྱི་སྤྲིན་ཐོག་ཞབས་ཞུའི་ས་བཅད་ཁྲོད་ཁྱིམ་ཧྲིལ་བོའི་རིག་ལྡན་གཙོ་འཕྲུལ་གྱི་ WLAN དྲ་སྦྲེལ་རྩོལ་ནུས་ཀྱི་གསལ་བརྗོད་གསར་སྣོན་བྱས་ཡོད། རིག་ལྡན་སྒོའི་ཟྭ་དང་སྐུད་མེད་ཐགས་ཡངས་སྒྲིག་ཆས་ཀྱི་གློག་ཚད་ཁ་སྣོན་བྱེད་པ། འབྲེལ་གཏུག་བྱེད་སྟངས་དང་མི་སྒེར་གྱི་ཆ་འཕྲིན།

3. ང་ཚོས་སྒྲིག་ཆས་ཀྱི་དབང་ཚད་འཐེན་སྤྱོད་ཀྱི་ས་བཅད་གསར་འདོན་བྱས་ཡོད། སྒྲིག་འཇུག་བྱས་ཟིན་པའི་ཉེར་སྤྱོད་རེའུ་མིག་གི་དབང་ཚད་དང་གསོག་འཇོག་ (སྨྱན་གཟུགས་དང་ཡིག་ཆ།) དབང་ཚད་ཀྱི་བེད་སྤྱོད་བཟོ་ལྗོངས་ཁ་གསབ་བྱས་ཡོད།

སྙིང་བསྡུས།

ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་སྤྱད་ནས་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་ཞབས་ཞུ་ཆས་ཀྱི་ལྟ་སྤྱོད་དབང་ཚད་ཐོབ་ཐབས་བྱེད་སྲིད་དེ། གལ་ཏེ་ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་མཁོ་འདོན་མ་བྱས་ཚེ། ཁྱེད་ཀྱིས་རིག་ལྡན་འཚོ་བས་མཁོ་འདོན་བྱས་པའི་ཞབས་ཞུ་ཁ་ཤས་སྤྱོད་ཐབས་བྲལ་སྲིད།

ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱས་ཏེ་རིག་ལྡན་སྒྲིག་ཆས་དོ་དམ་གྱི་གཞི་རྩའི་ཞབས་ཞུ་དང་། སྤྱོད་མཁན་གྱི་བཟོ་ལྗོངས། ཁྱིམ་ཚང་གི་དོ་དམ་དང་གནད་དོན་ལྡོག་འདྲེན་སོགས་རྩོལ་ནུས་སྤེལ་བདེ་བར་བྱ་ལ། ཞིབ་ཕྲ་གཞུང་དངོས་སུ་ཞིབ་བརྗོད་བྱས་པ་བཞིན་ཡིན།

ང་ཚོས་ད་དུང་ཁྱེད་ལ་ཁྲོམ་ར་དང་། གླེང་སྟེགས་དང་སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞི་མཁོ་འདོན་བྱེད། ཞིབ་ཕྲ་གཞུང་དངོས་སུ་ཞིབ་བརྗོད་བྱས་པ་བཞིན་ཡིན།

ང་ཚོས་སྐྱེ་ཁམས་རོགས་ཟླ་དང་མཉམ་འབྲེལ་སྒོས་ཁྱེད་ལ་སྒྲིག་ཆས་མཉམ་སྤྱོད་ཀྱི་རྩོལ་ནུས་མཁོ་འདོན་བྱེད་ལ། ཁྱེད་ཀྱི་སྒྲིག་ཆས་ཆ་འཕྲིན་དེ་སྐྱེ་ཁམས་རོགས་ཟླར་མཉམ་སྤྱོད་བྱས་ནས་སྔར་བས་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་བདེ་བ་བཟོ་སྲིད།

ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་དང་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་ཆ་འཕྲིན། དེ་བཞིན་དེའི་ནང་དུ་བསྡམས་པའི་སྒྲིག་ཆས་ཀྱི་ཆ་འཕྲིན་བཅས་བེད་སྤྱོད་བྱས་ཏེ། རྩོལ་ནུས་ལེགས་བཅོས་སུ་སྤྱོད་སྲིད། ཞིབ་ཕྲའི་ནང་དོན་དངོས་གཞིའི་ཞིབ་བརྗོད་དུ་གསལ།

ང་ཚོས་ད་དུང་ཁྱེད་རང་ལ་རིག་ལྡན་བཟོ་ལྗོངས་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར་རྩོལ་ནུས་མཁོ་འདོན་བྱས་ཡོད་པ་དང་། ཞིབ་ཕྲ་གཞུང་དངོས་སུ་ཞིབ་བརྗོད་བྱས་པ་ལྟར།

ཁྱེད་རང་བྱེད་སྒོའི་ནང་ཞུགས་ནས་དངོས་རྫས་ཀྱི་བྱ་དགའ་ཐོབ་པའམ་ཡང་ན་ལག་རྟགས་ཐུམ་སོགས་ཀྱི་བྱ་དགའ་ལེན་སྐབས། ཁྱེད་རང་ལ་དངོས་རྫས་ཀྱི་བྱ་དགའ་སྤྲོད་ཆེད། ང་ཚོས་ཕྱོགས་གསུམ་པའི་ཟོག་འདྲེན་ཀུང་སི་ལ་ཁྱེད་ཀྱི་འབྲེལ་གཏུག་བྱེད་སྟངས་མཁོ་འདོན་བྱེད་དགོས། ཞིབ་ཕྲ་ནང་དོན་དངོས་གཞིའི་ཞིབ་བརྗོད་དུ་གསལ།

ཁྱེད་ཀྱིས་སྒེར་གསང་གསལ་བསྒྲགས་གནད་བསྡུས་(https://privacy.consumer.huawei.com/legal/smarthome/privacy-statement.htm?code=CN&language=bo-cn&branchid=3000&contenttag=di&version=20231030)ལ་ལྟ་སྤྱོད་བྱེད་པ་བརྒྱུད་མགྱོགས་མྱུར་ངང་རིག་ལྡན་འཚོ་བས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་པའི་དམིགས་ཡུལ་དང་བྱེད་སྟངས། ཁྱབ་ཁོངས་བཅས་ལ་རྒྱུས་ལོན་བྱས་ཆོག རྩོལ་ནུས་ཁག་གིས་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་པའི་ཞིབ་ཕྲའི་གནས་ཚུལ་ཐད་ནས་གཤམ་གྱི་གསལ་བཤད་ལ་ལྟ་ཞིབ་བྱེད་ཆོག

1 ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཇི་ལྟར་བསྡུ་རུབ་དང་བཀོལ་སྤྱོད་བྱེད་པ།

1.1 ང་ཚོས་རིག་ལྡན་འཚོ་བ་བརྒྱུད་ནས་ཁྱེད་ལ་གཤམ་གྱི་ལས་སྒོའི་རྩོལ་ནུས།/ཞབས་ཞུ་འདོན་སྤྲོད་བྱེད། ཁྱེད་ཀྱིས་འབྲེལ་ཡོད་ལས་སྒོའི་རྩོལ་ནུས།/ཞབས་ཞུ་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ང་ཚོས་གཤམ་གྱི་རྩོལ་ནུས།/ཞབས་ཞུ་འདོན་སྤྲོད་བྱེད་པ་ལ་ངེས་པར་དུ་མཁོ་བའི་ཆ་འཕྲིན་ཐག་གཅོད་བྱས་ཏེ། གན་རྒྱ་འཇོག་བདེ་བ་དང་ང་ཚོའི་གན་རྒྱའི་འོས་འགན་འགྲུབ་བདེ་བར་བྱེད། གལ་ཏེ་ཁྱེད་ཀྱིས་འབྲེལ་ཡོད་ཀྱི་ཆ་འཕྲིན་འདོན་སྤྲོད་མ་བྱས་ན། ཁྱེད་ཀྱིས་ཉེར་སྤྱོད་འདིའི་འབྲེལ་ཡོད་ཀྱི་རྩོལ་ནུས་དང་ཞབས་ཞུ་བཀོལ་སྤྱོད་བྱེད་པར་ཤུགས་རྐྱེན་ཐེབས་ངེས། རིག་ལྡན་འཚོ་བའི་རྨང་གཞིའི་རྩོལ་ནུས།/ཞབས་ཞུའི་གནས་ཚུལ་ཞིབ་ཕྲ་གཤམ་ལྟར་བསྟན།

1.1.1 ཐོ་ཨང་ཐོ་འཇུག

ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཞབས་ཞུ་བེད་སྤྱོད་པ་དང་རིག་ལྡན་སྒྲིག་ཆས་དོ་དམ་བྱེད་པ་ལ་ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་OpenID ཐོ་ཨང་གི་ཐོ་འཇུག་གསང་གྲངས། གཅེས་མིང་། མགོ་པར་བཅས་ཡིན། ཆ་འཕྲིན་འདིའི་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ཧྭ་ཝེའི་ཐོ་ཨང་ཞབས་ཞུའི་སྟེགས་བུར་ཐོ་འཇུག་བྱས་ནས་སྤྱོད་མཁན་ཐོབ་ཐང་ར་སྤྲོད་པ་དང་། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ཞབས་ཞུ་ཆས་ལ་ལྟ་སྤྱོད་བྱེད་པའི་དབང་ཚད་ཐོབ་ཆེད་ཡིན།

ང་ཚོས་གཤམ་གྱི་བྱེད་ཐབས་ལྟར་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་སྤྱོད་རྒྱུ་ཡིན། ཁྱེད་རང་གིས་ནང་འཇུག་བྱས་པའི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་དང་གསང་གྲངས་ར་སྤྲོད་ཆ་འཕྲིན་དེ་ཧྭ་ཝེའི་ཐོ་ཨང་ཞབས་ཞུ་ཆས་ནང་བཅུག་སྟེ་ཐོ་འཇུག་ར་སྤྲོད་བྱེད་པ་དང་། ཉེར་སྤྱོད་ཀྱི་རང་གནས་དང་ཞབས་ཞུ་ཆས་ཀྱིས་ཁྱེད་རང་གིས་ཐོ་འགོད་བྱས་པའི་ཆ་འཕྲིན་གསོག་འཇོག་མི་བྱེད།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་རིགས་མཁོ་འདོན་མི་བྱེད་པ་དང་། ཧྭ་ཝེའི་ཐོ་ཨང་ཐོ་འཇུག་བྱས་མེད་ཚེ། ཧྭ་ཝེའི་རིག་ལྡན་འཚོ་བའི་ལས་སྒོ་བེད་སྤྱོད་གཏོང་མི་ནུས། ཧྭ་ཝེའི་ཐོ་ཨང་ཐོ་འཇུག་བྱས་རྗེས། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་རང་འགུལ་ཐོག་ནས་དྲ་གྲངས་ཀྱི་གཅེས་མིང་དང་མགོ་རིས་ཐོབ་ཐབས་བྱེད་སྲིད་ཅིང་། ཉེར་སྤྱོད་ཀྱི་མཚམས་ངོས་སུ་འཆར་སྲིད།

1.1.2 རིག་ལྡན་སྒྲིག་ཆས་དོ་དམ་གྱི་རྨང་གཞིའི་ཞབས་ཞུ།

རིག་ལྡན་སྒྲིག་ཆས་རྙེད་ཐུབ་པ་དང་ WLAN དྲ་རྒྱ་དང་སྦྲེལ་མཐུད་བྱ་ཆེད། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ལག་ཁྱེར་ཁ་པར་གྱི་གནས་ཡུལ་དབང་ཚད་ལ་ལྟ་སྤྱོད་བྱ་དགོས་ཤིང་། དྲ་རྒྱའི་ཆ་འཕྲིན་ (WLAN རེའུ་མིག་དང་། WLAN མིང་། WLAN རྣམ་པ་བཅས་འདུས།) དང་ WLAN གསང་གྲངས་ཐོབ་ཐབས་བྱེད་དགོས། གོང་བརྗོད་ཆ་འཕྲིན་རང་གནས་ཁོ་ནར་བེད་སྤྱོད་བྱེད་པ་ལས་ཞབས་ཞུ་ཆས་སུ་ཡར་སྐྱེལ་མི་སྲིད།

ཁྱེད་ཀྱིས་སྒྲིག་ཆས་དང་སྡོམ་པར་སྟབས་བདེ་ཡོང་ཆེད། ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཉེར་སྤྱོད་ནས་གསང་གྲངས་ཡིད་ལ་འཛིན་པ་སྒྲིག་འགོད་བྱེད་ཆོག WLAN ཡི་གསང་གྲངས་དེ་གསང་སྡོམ་བྱས་ནས་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་རང་གནས་སུ་ཉར་ཚགས་བྱས་ཏེ། རྗེས་མར་སྒྲིག་ཆས་དང་བསྡམ་སྐབས་བེད་སྤྱོད་བྱ་ལ། ཡང་བསྐྱར་ WLAN ཡི་གསང་གྲངས་ནང་འཇུག་བྱེད་མི་དགོས། འོན་ཀྱང་ཁྱེད་ཀྱིས་གསང་གྲངས་ཡིད་ལ་འཛིན་པ་སྒྲིག་འགོད་མི་བྱེད་ཚེ། སྒྲིག་ཆས་སྡོམ་པའི་རྩོལ་ནུས་བེད་སྤྱོད་བྱེད་པར་ཤུགས་རྐྱེན་མི་ཐེབས།

གལ་ཏེ་ཁྱེད་ཀྱིས་རང་འགུལ་གྱིས་ WLAN ཡི་མིང་དང་ WLAN ཡི་གསང་གྲངས་ལེན་པར་རྒྱབ་སྐྱོར་བྱེད་པའི་ཧྭ་ཝེའི་ལག་ཁྱེར་ཁ་པར་རམ་ཡང་ན་ལམ་སྟོན་ཆས་སྤྱད་ཚེ། WLAN ཡི་མིང་དང་ WLAN ཡི་གསང་གྲངས་རང་འགུལ་གྱིས་ཁ་སྐོང་བྱས་ནས་སྒྲིག་ཆས་སྡོམ་པར་བཀོལ་སྲིད།

རིག་ལྡན་སྒྲིག་ཆས་ཀྱི་སྡོམ་པ་དང་། ཚོད་འཛིན་དང་དོ་དམ་སྒྲིག་ཆས་ཀྱི་རྩོལ་ནུས་མངོན་འགྱུར་ཡོང་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱ་དགོས་ཏེ། སྒྲིག་ཆས་ཀྱི་མཁྲེགས་ཆས་ཆ་འཕྲིན། (སྒྲིག་ཆས་ཀྱི་མིང་དང་སྒྲིག་ཆས་ཀྱི་བཟོ་རྟགས། སྒྲིག་ཆས་ཀྱི་པར་གཞི། ཐོན་སྐྱེད་བཟོ་གྲྭ།) སྒྲིག་ཆས་ཀྱི་གསལ་བྱེད་རྟགས། (དེའི་ནང་ SN དང་། WLAN MAC གནས་ཡུལ། སོ་སྔོན་ MAC གནས་ཡུལ་བཅས་འདུས།) IP གནས་ཡུལ། སྒྲིག་ཆས་ཀྱི་གཞི་གྲངས། (རྒྱུད་ཁོངས་ཀྱི་རྣམ་པའི་ཆ་འཕྲིན་འདུས།) བཀོལ་སྤྱོད་རྒྱུད་ཁོངས། སྒྲིག་ཆས་ཀྱི་རང་གཤིས་ཅན་གྱི་བཀོད་སྒྲིག རྒྱུད་ཁོངས་ཉིན་ཐོ། (ལས་སྒོའི་དོན་རྐྱེན་འདུས།) ཚོར་ཆས་ཀྱི་ཆ་འཕྲིན་ (ཆུར་ཐིམ་པ་དང་དུ་སྨུག དྲོད་ཚད། བཞའ་ཚན། མི་ཡོད་མེད། ས་ཁོངས་འགྲོ་འོང་ཞིབ་བཤེར་ཚད་ལེན།) སྒྲིག་ཆས་ཀྱི་རྣམ་པའམ་འཁོར་སྐྱོད་ཟིན་ཐོ། དང་སྒྲིག་ཆས་ཀྱི་བཀོལ་སྤྱོད་ཟིན་ཐོ་བཅས་བསྡུ་རུབ་བྱ་དགོས། ཆ་འཕྲིན་འདིའི་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་རིག་ལྡན་སྒྲིག་ཆས་དང་བསྡམས་ནས། སྒྲིག་ཆས་ལ་ཚོད་འཛིན་དང་དོ་དམ་བྱེད་པ་དང་། དེ་བཞིན་སྒྲིག་ཆས་ཀྱི་ངོ་བོ་དང་ཞུགས་གྲངས་སྒྲིག་འགོད་བྱེད་པ། སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་ལོ་རྒྱུས་ཀྱི་ཟིན་ཐོར་ལྟ་ཞིབ་བྱེད་པ། སྒྲིག་ཆས་དང་ཞབས་ཞུའི་གཉེར་སྐྱོང་རྣམ་པའི་བསྡོམས་རྩིས་དང་ཞིབ་བཤེར། ཞིབ་འཇུག་བཅས་བྱས་ནས་རིག་ལྡན་སྒྲིག་ཆས་ཀྱི་སྤུས་ཚད་དང་ཞབས་ཞུ་ལེགས་བཅོས་གཏོང་བ་ཡིན།

ང་ཚོས་གཤམ་གྱི་རྣམ་པ་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བེད་སྤྱོད་བྱ་སྟེ། གོང་དུ་བརྗོད་པའི་ཆ་འཕྲིན་ལ་གསང་གྲངས་བཀོད་ནས་ཞབས་ཞུ་ཆས་སུ་བསྐུར་ཏེ་ཉར་ཚགས་བྱ་སྲིད་ལ། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ཁྱེད་ཀྱི་དབང་བཅོལ་ལྟར་ཞབས་ཞུ་ཆས་ནས་གཞི་གྲངས་འཚོལ་བཤེར་བྱེད་པ་མ་ཟད། སྒྲིག་ཆས་ཀྱི་དྲ་ངོས་སུ་འཆར་བར་བྱེད།

ཞབས་ཞུའི་ས་ཁུལ་ལ་བརྡར་ཤ་གཅོད་ཆེད། ཁྱེད་ལ་དེར་བསྟུན་ཉེར་སྤྱོད་ཀྱི་པར་གཞི་མཁོ་འདོན་བྱེད། ང་ཚོས་ཁྱེད་ཀྱི་ SIM ཁཱ་ཡི་སྤོ་འགུལ་རྒྱལ་ཁབ་ཚབ་ཨང་ (MCC) བསྡུ་རུབ་བྱེད་དགོས།

ཞབས་ཞུའི་ས་ཁུལ་བརྡར་ཤ་གཅོད་པ་དང་ཁྱེད་ལ་སྐད་རིགས་མང་བའི་ཞབས་ཞུ་མཁོ་འདོན་བྱ་ཆེད། ཁྱེད་ཀྱི་རྒྱུད་ཁོངས་ཀྱི་སྐད་རིགས་ཀྱི་སྒྲིག་འགོད་ཆ་འཕྲིན་བསྡུ་རུབ་བྱ་དགོས།

དེའི་ཁྲོད་ཀྱི་སྤོ་འགུལ་རྒྱལ་ཁབ་ཚབ་ཨང་ (MCC) དང་སྐད་རིགས་སྒྲིག་འགོད་ཆ་འཕྲིན་ནི་ང་ཚོས་རང་གནས་ཁོ་ན་ནས་ཀློག་ལེན་བེད་སྤྱོད་བྱེད་པ་ལས་གཞི་གྲངས་འདི་སྤྲིན་ཐོག་ཏུ་མི་འཇོག

གལ་ཏེ་ཁྱེད་ཀྱིས་རིགས་འདིའི་ཆ་འཕྲིན་མཁོ་སྤྲོད་མི་བྱེད་ཚེ། ཧྭ་ཝེའི་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་སྒྲིག་ཆས་རྙེད་པ་དང་སྡོམ་པ། ཚོད་འཛིན་དང་དོ་དམ་གྱི་རྩོལ་ནུས་སྤྱོད་ཐབས་བྲལ།

གོང་བརྗོད་གཞི་གྲངས་བསྡུ་རུབ་བྱེད་པར་གཤམ་གྱི་སྒྲིག་ཆས་འདུས་ཏེ།

ལམ་སྟོན་ཆས་ཀྱི་སྒྲིག་ཆས། དེའི་ནང་དུ་ཁྱིམ་ཚང་ལམ་སྟོན་ཆས་སྣ་ཚོགས་དང་། སྐབས་བསྟུན་ Wi-Fi སོགས་ཚུད་ཡོད།

འོད་འགྱེད་རིགས་ཀྱི་སྒྲིག་ཆས། དེའི་ནང་རིགས་སྣ་ཚོགས་ཀྱི་གསལ་སྒྲོན་དང་བཟོ་ལྗོངས་གློག ཀློག་འདོན་སྟེགས་སྒྲོན། རིག་ལྡན་སྒྲོན་ལྕུག དྲི་ཞིམ་གློག་ཞུ། རོལ་དབྱངས་གློག་ཞུ་སོགས་ཚུད་ཡོད།

གྱོན་འོས་རིགས་ཀྱི་སྒྲིག་ཆས། དེའི་ནང་རིག་ལྡན་ལག་འདོགས་ཆུ་ཚོད། ལག་གདུབ་ཚུད།

ནུས་གྲོན་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་བསྒར་གདན། བསྒར་པང་། རིག་ལྡན་བསད་སྤར། གློག་ཆས་ཚོད་འཛིན་དྲ་སྒོ། རྩོལ་ནུས་མང་ཅན་གྱི་བསད་སྤར་བསྡུ་ལེན་ཆས། གློག་ཚད་ལྟ་འཛིན་བསད་སྤར་སོགས་ཚུད་ཡོད།

ཁོར་ཡུག་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་སྤྱིར་བཏང་གི་དྲོད་སྙོམ། ལྟེ་བའི་དྲོད་སྙོམ། རླུང་འཕྲུལ་གསར་བ། མཁའ་དབུགས་སྤུས་འཇལ་ཆས། ཁོར་ཡུག་དཔྱད་གྲངས་འཇལ་ཆས། མཁའ་དབུགས་གཙང་བཟོ་ཆས། རིག་ལྡན་རླུང་གཡབ། བཞའ་སྣོན་ཆས། དྲོད་རླུང་མ་ལག་དྲོད་སྙོམས་ཀྱི་ལྷན་སྒྲིག་སོགས་ཚུད་ཡོད།

གཙང་སྦྲའི་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་གད་བདར་འཕྲུལ་མི། སྒེའུ་ཁུང་ཕྱི་བའི་འཕྲུལ་མི། རིག་ལྡན་རྡུལ་རྔུབ་ཆས། ལྷམ་སྒྲོམ་གསོ་སྐྱོང་ཆས། རིག་ལྡན་གད་སྙིགས་སྒམ། ཚ་དབུར་ཆས་སོགས་ཚུད།

ཐབ་གློག་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་སྲན་ཁུ་དཀྲུགས་ཆས་དང་གློག་བསྲེགས་སྒམ། སྣུམ་དུད་འདྲེན་ཆས། རླངས་བཙོས་སྒམ། སོབ་གོར་ཆས། གློག་གི་བ་མ། རླབས་ཕྲན་ཐབ་ཀ ཤུབས་གཏོར་ཆས། ལུས་གསོའི་རྫ་མ། རླངས་འགད་བ་མ། ཚོད་གཡོལ་འཕྲུལ་ཆས། ཆུ་གཙང་ཆས། དཀར་ཡོལ་འཁྲུད་ཆས། ཞིམ་རྗས་སྣོད། ཇ་ཕོར་སོགས་ཚུད་ཡོད།

ལུས་རྩལ་རིགས་ཀྱི་སྒྲིག་ཆས་ལ་རྒྱུགས་ཤར་གློད་པའི་འཕྲུལ་འཁོར་དང་། གློག་སྒུལ་འཕྲུལ་འཁོར། ལུས་རྩལ་གྱི་རྒྱབ་ཁུག ལུས་སྦྱོང་ཡོ་བྱད་སོགས་ཚུད་ཡོད།

བདེ་ཐང་རིགས་ཀྱི་སྒྲིག་ཆས་ལ་འཕུར་མཉེད་ཆས་དང་། ལྗིད་ཚད་རྒྱ་མ། ལུས་པོའི་ཚིལ་འབོད། ཁྲག་གནོན་འཇལ་ཆས། ཁྲག་ཧྭགས་འཇལ་ཆས། གློག་སྒུལ་སོ་ཤད་སོགས་འདུས།

ཁྱིམ་སྤྱོད་རིགས་ཀྱི་སྒྲིག་ཆས་ལ་རིགས་ཁག་གི་དྲ་སྒོའི་ངོས་དང་། འབྲིང་འཛིན་གཙོ་འཁོར། རིག་ལྡན་བསད་སྤར་སོགས་ཚུད་ཡོད།

བདེ་འཇགས་སྔོན་འགོག་རིགས་ཀྱི་སྒྲིག་ཆས། ཚོར་ཆས་རིགས་སྣ་ཚོགས་དང་། སྒོའི་དྲིལ་བུ། དྲ་སྒོ། ཉེན་རྟོག་འབོད་ཆས། རྒྱང་བཀོལ་ཡོ་ཆས། མྱུར་ཚབ་མཐེབ་གནོན་སོགས་ཚུད་ཡོད།

བརྙན་སྒྲའི་རིགས་ཀྱི་སྒྲིག་ཆས་ཏེ། དེའི་ཁོངས་སུ་སྒྲ་སྒམ་དང་། རིག་ལྡན་བརྙན་ཡོལ། འཆར་ཆས་དང་། གྲིབ་སྟོན་ཆས། ཉན་ཆས། མིག་ཤེལ་སོགས་འདུས་ཡོད།

གཙང་ཁྲུས་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་རིག་ལྡན་སྒེའུ་ཡོལ་དང་རིག་ནུས་སྒེའུ་ཁུང་འབྱེད་ཆས། རིག་ལྡན་གོས་གདང་། ཁྲུས་དྲོད་གློག་ཆུ་དྲོད་ཆས། རིག་ལྡན་ཤེལ། གློག་སྒུལ་དྲིལ་སྒོ། གོས་སྐམ་ཆས། གོས་འཁྲུད་ཆས། གློག་སྒུལ་སོ་འཁྲུད། རླུང་སྦུད། སྨྲ་བཞར་སོགས་ཚུད་ཡོད།

ཚོར་ཆས་རིགས་ཀྱི་སྒྲིག་ཆས་ལ་མིའི་ལུས་ཁམས་ཀྱི་ཚོར་ཆས་དང་ཁོར་ཡུག་གི་ཚོར་ཆས་སྣ་ཚོགས་ཚུད་ཡོད།

ཞིབ་དཔྱད་རིགས་ཀྱི་སྒྲིག་ཆས་ལ་རིག་ལྡན་བརྙན་མིག་དང་། མཁའ་རླུང་གཙང་ཆས་ཚུད།

སྒྲིག་ཆས་གཞན་དག་ལ་གློག་སྒུལ་རྩེད་ཆས་དང་། གློག་སྒུལ་དོ་མཉམ་འཕྲུལ་འཁོར། རིག་ལྡན་ཤུད་ལེབ། གློག་སྒུལ་ལྕགས་རྟ། ཡུལ་སྐོར་སྒམ་དང་། རིག་ལྡན་འབོལ་ཁྲི་སོགས་ཚུད་ཡོད།

གོང་དུ་བརྗོད་པའི་སྒྲིག་ཆས་ཁག་ཅིག་གིས་ཉེར་སྤྱོད་ཁྲོམ་རའི་དྲ་ཐོག་ཏུ་བཞག་པའི་པར་གཞི་ཁོ་ནར་རྒྱབ་སྐྱོར་བྱེད། ཁྱེད་ཀྱིས་གལ་ཏེ་སྒྲིག་ཆས་འདི་དག་གི་རྨང་གཞིའི་དོ་དམ་ཞབས་ཞུ་ཉམས་སུ་མྱོང་འདོད་ཚེ། ཉེར་སྤྱོད་ཁྲོམ་རར་སོང་ནས་ཉེར་སྤྱོད་འདི་གསར་སྒྱུར་བྱས་རྗེས་བེད་སྤྱོད་བྱ་ཆོག

1.1.3 རིག་ལྡན་སྒྲིག་ཆས་ཀྱི་སྤྲིན་ཐོག་ཞབས་ཞུ།

རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་ཁྲོད་ནས་ཁྱེད་ཀྱིས་སྦྲེལ་བའི་གཤམ་གྱི་རིག་ལྡན་སྒྲིག་ཆས་བེད་སྤྱོད་བྱེད་པ་མ་ཟད། ལས་སྒོའི་རྩོལ་ནུས་ཀྱི་ཞབས་ཞུ་རིགས་མང་པོ་མཁོ་འདོན་བྱ་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གྱི་ཆ་འཕྲིན་བསྡུ་རུབ་བྱ་དགོས།

ལམ་སྟོན་རིགས་ཀྱི་སྒྲིག་ཆས། དེའི་ནང་དུ་རིགས་སྣ་ཚོགས་ཀྱི་ WLAN ལམ་སྟོན་ཆས་དང་ WLAN ཆེར་གཏོང་ཆས། གློག་ཤུགས་ཞི་མི། སྐུད་མེད་ཐགས་ཡངས་སྒྲིག་ཆས་ (སྐབས་བསྟུན་ Wi-Fi དང་སྤོ་རུང་ལམ་སྟོན། སྤོ་རུང་གཞི་གྲངས་བྱང་བུ།) སོགས་ཚུད་ཡོད། གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། WLAN ཡི་མིང་དང་ལམ་སྟོན་ཆས་དང་འབྲེལ་མཐུད་བྱས་པའི་སྒྲིག་ཆས་ཀྱི་ MAC གནས་ཡུལ། IP གནས་ཡུལ། ལམ་སྟོན་ཆས་ཀྱི་ IP གནས་ཡུལ། དོ་དམ་པའི་ཐོ་ཨང་། WLAN གསང་གྲངས། ལམ་སྟོན་ཆས་ཐོ་འཇུག་གི་གསང་གྲངས། སྒྲིག་ཆས་ཀྱི་མིང་། རྒྱུད་ཁོངས་བཀོད་སྒྲིག་གི་ཆ་འཕྲིན་བཅས། ཆ་འཕྲིན་འདིའི་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ཐོ་འཇུག་ལམ་སྟོན་རིགས་སྒྲིག་ཆས་ལ་ར་སྤྲོད་དང་། ལམ་སྟོན་རིགས་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་བསྡོམས་རྩིས་སྙན་ཞུའི་རེའུ་མིག ལོ་རྒྱུས་ཀྱི་ཟིན་ཐོར་ལྟ་ཞིབ། ལམ་སྟོན་རིགས་སྒྲིག་ཆས་བཀོད་སྒྲིག་དང་དོ་དམ། སྤྱོད་མཁན་ལ་མྱུར་བདེའི་བཀོད་སྒྲིག་མངོན་འགྱུར་གྱི་རྩོལ་ནུས་མཁོ་འདོན་བཅས་བྱེད་རྒྱུ་ཡིན། དེའི་ཁྲོད་ནས། སྐུད་མེད་ཐགས་ཡངས་སྒྲིག་ཆས་ཀྱིས་ད་རུང་སྒྲིག་ཆས་ཀྱི་ IMEI IMSI ICCID འབྲེལ་གཏུག་བྱེད་སྟངས་དང་གློག་ཚད་ཀྱི་ཆ་འཕྲིན་བསྡུ་རུབ་བྱེད་སྲིད། སྐུད་མེད་ཐགས་ཡངས་སྒྲིག་ཆས་ཀྱི་དོ་དམ་དང་མཚམས་ངོས་ཀྱི་མངོན་སྟོན་དུ་སྤྱོད། དེའི་ཁྲོད། གློག་ཚད་ཀྱི་ཆ་འཕྲིན་ E5 སྒྲིག་ཆས་ཁོ་ན་དང་འབྲེལ།

སྐུད་མེད་ཐགས་ཡངས་སྒྲིག་ཆས་ཀྱི་བཞུར་ཚད་མེད་པའི་མཉམ་སྤྱོད་རྩོལ་ནུས། ང་ཚོས་ཁྱེད་ཀྱི་པར་དེབ་ཆ་འཕྲིན་ཐོབ་ཐབས་བྱེད་དགོས་ཏེ། པར་རིས་མཉམ་སྤྱོད་དུ་སྤྱོད། ཁྱེད་ཀྱི་པར་རིས་ཆ་འཕྲིན་ནི་རང་གནས་ཁྱབ་ཆུང་དྲ་རྒྱ་དབར་སྒྲིག་ཆས་མཉམ་སྤྱོད་དུ་སྤྱོད། ཞབས་ཞུ་ཆས་ཐོག་ཡར་སྐྱེལ་མི་སྲིད།

རིག་ལྡན་འཚོ་བའི་རྒྱང་རིང་དོ་དམ་བརྒྱུད་དེ་ལམ་སྟོན་ཆས་ལ་དོ་དམ་བྱེད་དུས། དཔེར་ན་རིག་ལྡན་སྒྲིག་ཆས་ཀྱི་རྣམ་པ་འདྲི་རྩད་དང་བཀོད་སྒྲིག་ལེགས་སྒྲིག་སོགས་བྱེད་པ། ཚོད་འཛིན་བཀའ་རྒྱ་ཡོད་ཚད་ཞབས་ཞུ་ཆས་བརྒྱུད་དེ་བརྒྱུད་སྐུར་བྱེད། བཀའ་རྒྱ་དང་འབྲེལ་བའི་གཞི་གྲངས། དཔེར་ན་ IP གནས་ཡུལ། MAC གནས་ཡུལ། སྒྲིག་ཆས་ཀྱི་གསལ་བྱེད་རྟགས། (SN) WLAN SSID WLAN གསང་གྲངས། དོ་དམ་པའི་རྩིས་ཐོ། ལམ་སྟོན་ཆས་ཀྱི་ཐོ་འཇུག་གསང་གྲངས། སྒྲིག་ཆས་ཀྱི་མཁྲེགས་ཆས་ཆ་འཕྲིན། བཀོལ་སྤྱོད་རྒྱུད་ཁོངས། དྲ་བར་ཞུགས་པའི་རིགས། WLAN རྣམ་པ། WLAN ཞུགས་གྲངས། WLAN རེའུ་མིག རྒྱུད་ཁོངས་སྒྲིག་འགོད། རྒྱུད་ཁོངས་ཀྱི་ངོ་བོ་དང་སྒྲིག་ཆས་ཀྱི་གཞི་གྲངས། དེ་མིན་ལམ་སྟོན་ཆས་སྒྲིག་ཆས་དང་འབྲེལ་མཐུད་བྱས་པའི་ MAC གནས་ཡུལ་དང་ IP གནས་ཡུལ་ཞབས་ཞུ་ཆས་སུ་གསོག་འཇོག་མི་བྱེད། གལ་ཏེ་ཁྱབ་ཆུང་དྲ་རྒྱའི་ལམ་སྟོན་ཆས་ཀྱི་ WLAN བརྒྱུད་དེ་ལམ་སྟོན་ཆས་འདི་ལ་དོ་དམ་བྱས་ན། གོང་བརྗོད་ཀྱི་ཆ་འཕྲིན་ནི་གནས་འདི་ག་ཁོ་ནར་བེད་སྤྱོད་བྱེད་པ་ཡིན་པ་ལས་ཞབས་ཞུ་ཆས་ཀྱི་ཐོག་ཏུ་ཡར་མི་སྐུར། དེ་མིན། ལམ་སྟོན་ཆས་ཀྱི་བྱིས་པ་དྲར་ཞུགས་ཀྱི་སྲུང་སྐྱོབ་རྩོལ་ནུས་ཀྱིས་ཁྱེད་ཀྱི་པར་དེབ་ (པར་རིས་ཁོངས་སུ་ཚུད།) ཆ་འཕྲིན་ཐོབ་ལེན་བྱ་དགོས། ལམ་སྟོན་ཆས་ལ་འབྲེལ་མཐུད་བྱེད་པའི་སྒྲིག་ཆས་ཀྱི་མགོ་པར་རང་སྒྲིག་བྱེད་པར་སྤྱོད། གཞི་གྲངས་འདི་ཞབས་ཞུ་ཆས་སུ་ཡར་སྐྱེལ་མི་བྱེད།

དྲ་འགག་རིགས་ཀྱི་སྒྲིག་ཆས། དེའི་ནང་ཁང་པ་ཡོངས་རིག་ལྡན་གྱི་འཕྲུལ་ཆས་གཙོ་བོ་དང་རིགས་སྣ་ཚོགས་ཀྱི་ PLC དྲ་འགག སོ་སྔོན་གྱི་དྲ་འགག Zigbee དྲ་འགག་སོགས་ཚུད་ཡོད། དྲ་འགག་དང་ཡན་ལག་དྲ་འགག་སྒྲིག་ཆས་ཀྱི་རྩ་བའི་ཆ་འཕྲིན་བསྡུ་རུབ་བྱེད་དགོས། ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ཁྱེད་རང་གིས་དྲ་འགག་སྒོ་རིགས་ཀྱི་སྒྲིག་ཆས་ལ་ལྟ་ཞིབ་བྱས་ཏེ་དེའི་སྒྲིག་ཆས་བུའི་ལས་ཀའི་རྣམ་པ་དང་། དྲ་འགག་དང་དེའི་ཡན་ལག་སྒྲིག་ཆས་ལ་དོ་དམ་དང་ཚོད་འཛིན་བྱ་རྒྱུ། དེ་བཞིན་དྲ་འགག་དང་དེའི་ཡན་ལག་སྒྲིག་ཆས་ལ་མཉེན་ཆས་རིམ་སྤོར་ཞབས་ཞུ་མཁོ་འདོན་བྱ་རྒྱུ་བཅས་རེད། ཁྱིམ་ཧྲིལ་བོའི་རིག་ལྡན་གཙོ་འཕྲུལ་གྱི་འོག་ཏུ་ WLAN རྩོལ་ནུས་ཡོད་པའི་ཡན་ལག་སྒྲིག་ཆས་ཀྱི་དྲ་རྒྱ་བཀོད་སྒྲིག་ལེགས་འགྲུབ་བྱ་ཆེད། WLAN མིང་དང་ WLAN ཡི་གསང་གྲངས་ཆ་འཕྲིན་བསྡུ་རུབ་བྱེད་དགོས། WLAN ཡི་མིང་དང་གསང་གྲངས་ཆ་འཕྲིན་ཁྱིམ་ཧྲིལ་བོའི་རིག་ལྡན་གཙོ་འཕྲུལ་དང་རིག་ལྡན་འཚོ་བའི་ཉེར་སྤྱོད་བར་དུ་གསང་སྡོམ་ངང་བརྒྱུད་གཏོང་བྱེད། ཞབས་ཞུ་ཆས་སུ་གསོག་འཇོག་མི་བྱེད་པས་སེམས་བདེ་ངང་སྤྱོད་རོགས།

བརྙན་མིག་དང་རིག་ལྡན་སྒོའི་ཟྭ། རྩོལ་ནུས་མང་བའི་དྲ་འགག་རིགས་ཀྱི་སྒྲིག་ཆས་བཅས་ཀྱིས་གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་པ་སྟེ། སྒྲིག་ཆས་ཀྱིས་ཟིན་ཐོ་བཀོད་པའི་བརྙན་ཟློས་དང་པར་རིས། སྐད་སྒྲ། རང་སྒྲིག་གི་མགོ་པར། གཅེས་མིང་། དྲིལ་སྒྲ། འཕྲིན་འཇོག་ཡིག་ཆའི་གཞི་གྲངས། སྒོའི་ཟྭ་སྒྲིག་ཆས་ཀྱི་རྣམ་པའམ་འཁོར་སྐྱོད་ཟིན་ཐོ། སྒོའི་ཟྭའི་གློག་ཚད་ཀྱི་ཆ་འཕྲིན། འདིའི་རིགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ། ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན། ལོ་རྒྱུས་བསྡོམས་རྩིས་ཀྱི་གཞི་གྲངས་བཅས་ལ་ལྟ་ཞིབ་བྱེད་ཆེད་ཡིན། སྒོའི་ཟྭ་ཡི་སྒྲིག་ཆས་ཀྱི་ཟྭ་ཕྱེ་བའི་གསང་གྲངས་ནི་ཉེར་སྤྱོད་དམ་ཧྭ་ཝེའི་ཞབས་ཞུ་ཆས་སུ་ཉར་ཚགས་མི་བྱེད་ལ། ཧྭ་ཝེ་ཡིས་ཁྱེད་ཀྱི་ཟྭ་ཕྱེ་བའི་གསང་གྲངས་ཐོབ་ཐབས་བྲལ་ལ་སུབ་ཐབས་བྲལ། སྐད་འཇོག་རྩོལ་ནུས་ལྡན་པའི་དྲ་རྒྱའི་དྲ་འགག་གིས་ཁྱེད་ཀྱི་ཡིག་འཇོག་བསྡུ་རུབ་བྱེད་པ་མ་ཟད། དུས་བཅད་ལྟར་ཁྱེད་ལ་ཁྱེད་ཀྱིས་སྒྲིག་འགོད་བྱས་པའི་བསྒྲུབ་བྱའི་དོན་དག་ལ་དོ་སྣང་བྱ་རྒྱུར་དྲན་སྐུལ་བྱེད། ཁྱེད་ཀྱི་སྐད་འཇོག་གཞི་གྲངས་དེ་གསང་སྡོམ་བྱས་ནས་དྲ་འགག་རང་གནས་སུ་ཉར་ཚགས་བྱེད།

སྒྲ་བརྙན་རིགས་ཀྱི་སྒྲིག་ཆས། དེའི་ནང་སྒྲ་སྒམ་དང་སྒྲ་སྐྱེད། བརྙན་སྟོན་ཆས། བརྙན་འཕྲིན། འཕྲིན་ལམ་སྒྱུར་སྒམ་སོགས་ཚུད་ཡོད་ལ། གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། ཉེར་སྤྱོད་ཀྱི་གཞི་རྩའི་ཆ་འཕྲིན་ (ཉེར་སྤྱོད་ཀྱི་མིང་ཚུད།) དང་སྒྲིག་ཆས་ཀྱིས་ཟིན་ཐོ་བཀོད་པའི་བརྙན་ཟློས། པར་རིས། མཉམ་འགུལ་ཟིན་ཐོ། (དེའི་ནང་བཏང་བའི་ཟིན་ཐོ་ཚུད།) ཆ་འཕྲིན་འདིའི་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ཉེར་སྤྱོད་ཀྱི་བརྡ་ཐོའི་བརྡ་འཕྲིན་སྒྲོག་གཏོང་དང་། སྒྲ་བརྙན་རིགས་ཀྱི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་ལོ་རྒྱུས་ཀྱི་ཟིན་ཐོར་ལྟ་ཞིབ། དེ་བཞིན་སྤྱོད་མཁན་ལ་གཞི་གྲངས་གྲབས་ཉར་མངོན་འགྱུར་གྱི་རྩོལ་ནུས་མཁོ་འདོན་བྱ་རྒྱུར་བེད་སྤྱོད་བྱེད་པ་ཡིན།

ལུས་རྩལ་དང་བདེ་ཐང་རིགས་ཀྱི་སྒྲིག་ཆས། དེའི་ནང་ལུས་པོའི་ལྗིད་ཚད་ཀྱི་རྒྱ་མ་དང་ལུས་ཚིལ་རྒྱ་མ། གཉིད་ཉལ་ཞིབ་དཔྱད་ཚད་ལེན་ཡོ་ཆས། ལུས་རྩལ་གྱི་ལག་གདུབ། ལག་འདོགས་ཆུ་ཚོད་སོགས་ཚུད་ཡོད་ལ། གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། རང་སྒྲིག་གི་མགོ་པར་དང་གཅེས་མིང་། སྒྲིག་འགོད་བྱས་པའི་གཟུགས་པོའི་རིང་ཚད། ལོ་ཚོད། ཕོ་མོ། སྐྱེས་སྐར། སྒྲིག་ཆས་ཀྱིས་ཚད་འཇལ་བྱས་པའི་གཟུགས་པོའི་རིང་ཚད། ལུས་པོའི་ལྗིད་ཚད། སྐྱེ་དངོས་བཀག་འགོག (ལུས་ཚིལ།) སྒྲིག་ཆས་ཀྱིས་ཚད་འཇལ་བྱས་པའི་འབྱིན་རྔུབ་ཀྱི་ཟློས་ཕྱོད། སྙིང་འཕར་ཚད་ཀྱི་ཟློས་ཕྱོད། གཉིད་ཉལ་རྣམ་པ། སྤྱོད་མཁན་གྱི་གནས་ཡུལ། ལུས་རྩལ་གྱི་རྗེས་ཤུལ། དེའི་ཁྲོད་དུ་མི་སྒེར་བདེ་ཐང་གཞི་གྲངས་དང་ལུས་རྩལ་རྗེས་ཤུལ་ནི་མི་སྒེར་གྱི་ཚོར་སྣང་སྐྱེན་པོའི་ཆ་འཕྲིན་དུ་གཏོགས། རིགས་འདིའི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ལུས་རྩལ་དང་བདེ་ཐང་རིགས་ཀྱི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་ཚད་འཇལ་གཞི་གྲངས། ལོ་རྒྱུས་བསྡོམས་རྩིས་གཞི་གྲངས་ལ་ལྟ་ཞིབ་བྱ་ཆེད་ཡིན།

ཕྱི་བགྲོད་འཁོར་ཐོགས་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་རིག་ནུས་གཞུག་མཐོང་མེ་ལོང་དང་འཁོར་བསྐྱོད་ཟིན་འགོད་ཆས། འཁོར་ཐོགས་གློག་ཆས་སོགས་ཚུད་ཡོད། གཤམ་གསལ་གྱི་ཆ་འཕྲིན་དག་བསྡུ་རུབ་བྱ་དགོས་ཏེ། གནས་ཡུལ་གྱི་ཆ་འཕྲིན། འཁོར་བསྐྱོད་ཟིན་ཐོ་དང་རྗེས་ཤུལ། སྒྲིག་ཆས་ཀྱིས་ཟིན་འགོད་བྱས་པའི་བརྙན་ཟློས། པར་རིས། སྐད་སྒྲ། སྒྲིག་འགོད་བྱས་པའི་རླངས་འཁོར་གྱི་ཆ་འཕྲིན་ (འཕྲུལ་འཁོར་གཅེས་མིང་། འཁོར་རྟགས།) བཅས་ཚུད་ཡོད། འདིའི་རིགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་འཁོར་ཐོག་ཕྱོགས་ཐོན་རིགས་ཀྱི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་བསྡོམས་རྩིས་སྙན་ཞུའི་རེའུ་མིག ལོ་རྒྱུས་ཟིན་ཐོ་ལ་ལྟ་ཞིབ་བྱེད་ཆེད་ཡིན།

མི་སྒེར་བདག་སྐྱོང་རིགས་ཀྱི་སྒྲིག་ཆས། དེའི་ནང་དུ་རིགས་སྣ་ཚོགས་ཀྱི་ལུས་སྐྱི་བདག་སྐྱོང་ཆུ་གསབ་ཆས། མིག་མཐའ་འཕུར་མཉེད་ཆས། མིག་ཁེབས། འཕུར་མཉེད་གཟུགས་མཛེས་ཆས་སོགས་ཚུད་ཡོད། གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། ལུས་སྐྱི་ཆུ་དཀོན་གནས་ཚུལ་ལྟ་སྐུལ་ཚད་ལེན་གྱི་གཞི་གྲངས་དང་ལུས་སྐྱིའི་ལྟ་སྐུལ་ཚད་ལེན་གྱི་གཞི་གྲངས་ཚུད་ཡོད། དེའི་ཁྲོད་དུ་ལུས་སྐྱིའི་བདེ་ཐང་གི་གཞི་གྲངས་ནི་མི་སྒེར་གྱི་ཚོར་སྣང་སྐྱེན་པོའི་ཆ་འཕྲིན་དུ་གཏོགས། རིགས་འདིའི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་མི་སྒེར་གྱི་སྲུང་ལས་རིགས་ཀྱི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་ཚད་འཇལ་གཞི་གྲངས། བསྡོམས་རྩིས་སྙན་ཞུའི་རེའུ་མིག་དང་ལོ་རྒྱུས་ཟིན་ཐོ་ལ་ལྟ་ཞིབ་བྱེད་ཆེད་ཡིན།

མངོན་སྟོན་ལྡན་པའི་བརྙན་ཡོལ་རིགས་ཀྱི་སྒྲིག་ཆས། དེའི་ནང་མངོན་སྟོན་ཆས་སྣ་ཚོགས་ཚུད་ཡོད། གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། མངོན་སྟོན་ཆས་ཀྱི་མིག་སྲུང་སྒྲིག་འགོད་ཀྱི་ཆ་འཕྲིན་དང་། སྒྲིག་ཆས་མིང་གི་ཆ་འཕྲིན། སྒྲིག་ཆས་ཀྱི་རྣམ་པའམ་འཁོར་སྐྱོད་ཟིན་ཐོ། སྒྲིག་ཆས་ཀྱི་ཆ་འཕྲིན། (སྒྲིག་ཆས་ཀྱི་བརྙན་སྟོན་མིང་ཐོ་དཀར་པོའི་ཆ་འཕྲིན།)

ཧྭ་ཝེའི་ཁང་པ་ཡོངས་ཀྱི་རིག་ལྡན་ AI ཚད་ལྡན་ཚོར་འདྲེན་ཡོ་ཆས་ཀྱིས་གཤམ་གསལ་ཆ་འཕྲིན་འཚོལ་བསྡུ་བྱེད་དགོས་པ་སྟེ། མི་སྣ་ཡོད་པའི་ཆ་འཕྲིན། ས་ཁོངས་ནས་འགྲོ་འོང་ཞིབ་དཔྱད་ཚད་ལེན་དང་མི་སྣ་ཚོར་འདྲེན་ཡོ་ཆས་ཀྱི་བལྟོས་བཅས་ཀྱི་གནས་ཡུལ་དང་བཙན་འཛུལ་ཞིབ་དཔྱད་ཚད་ལེན་གྱི་ཆ་འཕྲིན། རིགས་འདིའི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ཁྱིམ་ཚང་རིག་ལྡན་སྒྲིག་ཆས་ཀྱི་རིག་ལྡན་ཅན་གྱི་བཟོ་ལྗོངས་མངོན་འགྱུར་བྱ་ཆེད་ཡིན། ཚོར་འདྲེན་ཆས་ཀྱིས་མི་སྣ་ཡོད་པའི་རྣམ་པ་ཁོ་ན་དབྱེ་འབྱེད་བྱེད་ཐུབ་པས་ཞིབ་ཕྲའི་མི་སྣ་དབྱེ་འབྱེད་དང་དབྱེ་བ་འབྱེད་མི་ཐུབ། གལ་ཏེ་ཁྱེད་ཀྱིས་ཚོར་འདྲེན་འཕྲུལ་ཆས་བཀོལ་ནས་སྤྱོད་མཁན་གཞན་པའི་ཆ་འཕྲིན་ཐག་གཅོད་བྱས་ན། ཁྱེད་ཀྱིས་འབྲེལ་ཡོད་སྤྱོད་མཁན་གྱི་མོས་མཐུན་ཐོབ་པ་ཁག་ཐེག་བྱེད་དགོས།

ཉེར་སྤྱོད་འདིས་བསྡུ་རུབ་བྱས་པའི་བདེ་ཐང་གི་གཞི་གྲངས་སོགས་ལ་ཚོར་སྣང་སྐྱེན་པོའི་མི་སྒེར་གྱི་ཆ་འཕྲིན་གྱི་གཞི་གྲངས་ཚུད་ཡོད། ཁྱེད་ཀྱིས་ཉེར་སྤྱོད་ནང་དུ་ཁ་གསལ་པོར་དབང་སྤྲོད་བྱས་རྗེས་གཞི་ནས་ཞབས་ཞུ་ཆས་ཐོག་ཏུ་ཡར་སྐྱེལ་སྲིད། སྒྲིག་ཆས་ཁ་ཤས་ལ་སྒྲིག་ཆས་བཟོ་གྲྭས་སྒྲིག་ཆས་སྤྲིན་ཞབས་ཞུ་མཁོ་འདོན་བྱེད། ཕྱོགས་གསུམ་པའི་བཟོ་གྲྭས་རང་བདག་གིས་སྒྲིག་ཆས་ཞབས་ཞུ་ལ་མཁོ་བའི་གཞི་གྲངས་བསྡུ་རུབ་བེད་སྤྱོད་བྱེད། ཧྭ་ཝེ་སྒྲིག་ཆས་ཞབས་ཞུ་ཁག་འདིའི་ཞབས་ཞུའི་གཞི་གྲངས་ཀྱི་བསྡུ་རུབ་དང་ཐག་གཅོད་དུ་མི་ཞུགས། ཕྱོགས་གསུམ་པའི་བཟོ་གྲྭས་རང་སྒེར་གྱི་སྒེར་གསང་སྲིད་ཇུས་གཞིར་བཟུང་ནས་གཞི་གྲངས་བསྡུ་རུབ་བྱ་སྤྱོད་ལ་བདག་དམ་བྱེད། ཐོག་དང་པོར་སྒྲིག་ཆས་ལྟ་སྤྱོད་བྱེད་སྐབས་ཞིབ་ཕྲའི་ངང་ནས་ཀློག་པ་དང་དབང་སྤྲོད་མོས་མཐུན་བྱ་རོགས།

ཁྱེད་ཀྱིས་རིག་ལྡན་སྒྲིག་ཆས་ཀྱི་སྒྲིག་འགོད་ (ཡང་ན་ : :) ནས་སྒྲིག་ཆས་བསུབ་པའམ་སྒྲིག་ཆས་དང་བསྡམ་པ་ཤིག་པའི་དྲ་ངོས་ལྟ་སྤྱོད་བྱེད་པ་དང་། ཡང་ན་རིག་ལྡན་སྒྲིག་ཆས་བྱང་བུར་ཡུན་རིང་གནོན་པར་བྱས་ཏེ། སྒྲིག་ཆས་བསུབ་པའམ་སྒྲིག་ཆས་དང་བསྡམ་པ་ཤིག་པའི་དྲ་ངོས་ལ་འཛུལ་ནས། ཁྱེད་ཀྱིས་བསྡམས་ཟིན་པའི་རིག་ལྡན་སྒྲིག་ཆས་བསུབས་ཏེ། གཞི་གྲངས་བསྡུ་རུབ་བྱེད་མཚམས་འཇོག་ཆོག གཞི་རྩའི་བརྒྱུད་ལམ་མཐའ་སྣེའི་རིགས་དང་པར་གཞི་མི་འདྲ་བར་གཞིགས་ཏེ་མི་འདྲ་བར་སྣང་སྲིད།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདིའི་རིགས་མཁོ་འདོན་མ་བྱས་ཚེ། རིག་ལྡན་འཚོ་བའི་ཉེར་སྤྱོད་དུ་རིག་ལྡན་སྒྲིག་ཆས་ནས་མཁོ་འདོན་བྱས་པའི་ཞབས་ཞུ་བེད་སྤྱོད་གཏོང་ཐབས་བྲལ།

གོང་དུ་བརྗོད་པའི་སྒྲིག་ཆས་ (དཔེར་ན། ལམ་སྟོན་ཆས་དང་བརྙན་མིག་སྒྲིག་ཆས་སོགས།) ཁག་ཅིག་གིས་ཉེར་སྤྱོད་ཁྲོམ་རར་སྤེལ་བའི་པར་གཞི་ཁོ་ནར་རྒྱབ་སྐྱོར་བྱེད། ཁྱེད་ཀྱིས་གལ་ཏེ་ཉེར་སྤྱོད་འདིའི་ཁྲོད་ནས་སྒྲིག་ཆས་འདི་དག་ཉམས་སུ་མྱོང་འདོད་ཚེ། ཉེར་སྤྱོད་ཁྲོམ་ར་ནས་ཉེར་སྤྱོད་འདི་གསར་སྒྱུར་བྱས་རྗེས་བེད་སྤྱོད་བྱ་ཆོག

1.1.4 རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས།

ཧྭ་ཝེའི་རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས་ (ཡང་ན་ཞབས་ཞུ།) ནི་ང་ཚོས་གཉེར་སྐྱོང་བྱེད་ཅིང་། ཁྱེད་ལ་རིག་ལྡན་སྒྲིག་ཆས་ཀྱིས་ཚོད་འཛིན་དང་དོ་དམ་བྱེད་པའི་ཞབས་ཞུའི་ཐོན་རྫས་ (ཡང་ན་ཞབས་ཞུ།) མཁོ་འདོན་བྱེད། རིག་ལྡན་འཚོ་བའི་ཉེར་སྤྱོད་ནང་རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས་ (དཔེར་ན། རིག་ལྡན་སྐད་གདངས་ཐིར་ལྡན་ཆུ་ཚོད། བྱིས་པའི་རིག་ལྡན་སྐད་གདངས་གཏམ་རྒྱུད་འཕྲུལ་འཁོར་དང་རིག་ལྡན་སྐད་གདངས་འཁོར་སྐྱོད་ཐོ་འགོད་ཡོ་བྱད་སོགས།) ཀྱི་ལས་སྒོའི་རྩོལ་ནུས་དང་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱ་ཆེད། ང་ཚོས་གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་པ་སྟེ།

སྐད་གདངས་བཀའ་ཚིག ཆ་འཕྲིན་དེ་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་རྨང་གཞིའི་སྐད་གདངས་སྤེལ་རེས་ཀྱི་ཞབས་ཞུར་སྤྱོད་རྒྱུ་ཡིན་པ་དང་། སྐད་གདངས་བཀའ་ཚིག་བརྗེ་སྒྱུར་བྱས་རྗེས་ཀྱི་ཡིག་དེབ་གཞི་གྲངས་དེ་བདེ་འཇགས་གསང་སྡོམ་བྱས་ནས་ཞབས་ཞུ་ཆས་ནང་ཉར་ཚགས་བྱ་རྒྱུ་རེད།

ཕལ་ཆེར་གནས་ཡུལ་གྱི་ཆ་འཕྲིན། ཆ་འཕྲིན་དེ་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་གནམ་གཤིས་འདྲི་རྩད་རྩོལ་ནུས་ལ་བེད་སྤྱོད་བྱེད་རྒྱུ་ཡིན།

མཉམ་འགུལ་ཟིན་ཐོ། (དེའི་ནང་གཏོང་བའི་ཟིན་ཐོ་འདུས།) ཆ་འཕྲིན་དེ་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་། ལོ་རྒྱུས་ཟིན་ཐོ་ལ་བལྟ་ཆེད་ཡིན།

ང་ཚོས་གཤམ་གྱི་ཐབས་ལམ་བརྒྱུད་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སྤྱོད་དེ། གོང་བརྗོད་ཀྱི་ཆ་འཕྲིན་ལ་གསང་སྡོམ་བྱས་ཏེ་བརྒྱུད་གཏོང་བྱེད་པ་མ་ཟད་ཞབས་ཞུ་ཆས་སུ་ཉར་ཚགས་བྱེད། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ཁྱེད་ཀྱི་དབང་བཅོལ་ལྟར་ཞབས་ཞུ་ཆས་ཐོག་གཞི་གྲངས་འཚོལ་བཤེར་བྱེད་པ་མ་ཟད། སྒྲིག་ཆས་ཀྱི་དྲ་ངོས་སུ་འཆར་བར་བྱེད།

གལ་ཏེ་ཁྱེད་ཀྱིས་རིགས་འདིའི་ཆ་འཕྲིན་མཁོ་སྤྲོད་མི་བྱེད་ཚེ། རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས་ཀྱིས་མཁོ་འདོན་བྱས་པའི་ལས་སྒོའི་རྩོལ་ནུས་དང་ཞབས་ཞུ་བཀོལ་སྤྱོད་བྱེད་ཐབས་བྲལ།

1.1.5 རོགས་རམ་དང་ལྡོག་འདྲེན།

རིག་ལྡན་འཚོ་བའི་ཞབས་ཞུའི་གནད་དོན་དྲ་ལམ་ནས་ཕྱིར་སློག་བྱེད་པ་མངོན་འགྱུར་ཡོང་ཆེད་དུ། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། རྒྱུད་ཁོངས་ཉིན་ཐོ། (ཉེར་སྤྱོད་དང་སྒྲིག་ཆས་ཀྱི་ཉིན་ཐོའི་ཆ་འཕྲིན་འདུས་ཡོད།) ཁྱེད་ཀྱིས་ཕྱིར་སློག་བྱས་པའི་འབྲེལ་གཏུག་བྱ་ཐབས་དང་ཁྱེད་ཀྱིས་རང་འགུལ་ངང་ཡར་སྤྲད་པའི་གཞི་གྲངས། (གནད་དོན་ཞིབ་བརྗོད། གནད་དོན་གྱི་སྣང་ཚུལ་པར་རིས་དང་བརྙན་ཟློས་འདུས་ཡོད།) དེ་ལས་ཉེར་སྤྱོད་དང་སྒྲིག་ཆས་ཀྱི་ཉིན་ཐོའི་ཆ་འཕྲིན་ནང་དུ་སྒྲིག་ཆས་ཀྱི་རྣམ་པའམ་འཁོར་སྐྱོད་ཟིན་ཐོ། ཚོར་ཆས་སྒྲིག་ཆས་ཀྱིས་ཤེས་ཚོར་བྱུང་པའི་ཆུར་ཐིམ་པ་དང་དུ་སྨུག དྲོད་ཚད། བཞའ་ཚད། མི་ཡོད་མེད། ས་ཁོངས་འགྲོ་འོང་ཞིབ་བཤེར་ཚད་ལེན་ཆ་འཕྲིན། སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (SN དང་ Android ID འདུས་ཡོད།) བཅས་ཚུད་ཡོད། ཆ་འཕྲིན་འདིའི་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་གནད་དོན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་གནས་ངེས་བྱེད་ཆེད་ཡིན། ཁྱེད་ཀྱི་འབྲེལ་གཏུག་བྱེད་སྟངས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་དུས་ཕྱིས་སུ་ཕྱིར་འཚམས་འདྲི་བྱེད་པ་དང་། གནད་དོན་ཡོངས་སུ་ཐག་བཅད་ཡོད་མེད་ལ་རྒྱུས་ལོན་བྱེད་པ། ཡང་ན་ཁྱེད་ལ་འབྲེལ་གཏུག་བྱ་ཆེད་ཡིན། ཁྱེད་ཀྱིས་དགོས་ངེས་ཀྱི་ཆ་འཕྲིན་གཞན་དག་ཁ་གསབ་གནང་བའི་རེ་བ་ཡོད།

ང་ཚོས་གཤམ་གྱི་ཐབས་ལམ་བརྒྱུད་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སྤྱོད་དེ། གོང་བརྗོད་ཀྱི་ཆ་འཕྲིན་ལ་གསང་སྡོམ་བྱས་ཏེ་བརྒྱུད་གཏོང་བྱེད་པ་མ་ཟད་ཞབས་ཞུ་ཆས་སུ་ཉར་ཚགས་བྱེད། གོང་བརྗོད་ཆ་འཕྲིན་དེ་གནད་དོན་ཚུར་ལེན་གྱི་གནས་ཐིག་གཏན་ཁེལ་དང་ཐག་གཅོད་ཁོ་ནར་བེད་སྤྱོད་དེ། མི་སྒེར་གྱི་ཆ་འཕྲིན་གྱི་གསལ་སྟོན་དུ་བེད་མི་སྤྱོད། འདིའི་རིགས་ཀྱི་ཆ་འཕྲིན་ཚོང་དོན་བརྡ་ཁྱབ་འོས་སྦྱོར་བྱ་བར་བེད་མི་སྤྱོད།

གལ་ཏེ་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་ཀྱིས་ཕྱིར་སློག་བྱེད་པའི་གནད་དོན་ལ་གོ་ཆོད་པའི་གནས་ངེས་དང་ཐག་གཅོད་བྱེད་ཐབས་བྲལ་སྲིད།

1.1.6 རིག་ལྡན་སྒྲིག་ཆས་ཀྱི་སྲ་ཆས་རིམ་སྤོར།

རིག་ལྡན་སྒྲིག་ཆས་ཀྱི་སྲ་ཆས་རིམ་སྤོར་དང་ལས་སྒོའི་འཁོར་སྐྱོད་དབྱེ་ཞིབ་བྱ་ཆེད། ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སིས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་ཏེ། ཁྱེད་ཀྱིས་བསྡམས་པའི་སྒྲིག་ཆས་གང་དེའི་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (SN) དང་། སྒྲིག་ཆས་ཀྱི་མཁྲེགས་ཆས་ཆ་འཕྲིན། སྲ་ཆས་རིམ་སྤོར་ཐུམ་སྒྲིལ་རིགས་གྲས་ཆ་འཕྲིན་བཅས་བསྡུ་རུབ་བྱས་ཏེ། པར་གཞི་གསར་པ་ཞིབ་བཤེར་ཚད་ལེན་དང་ཕབ་ལེན་བྱེད་པར་སྤྱོད་པ་དང་། གོང་བརྗོད་གཞི་གྲངས་ནི་ང་ཚོས་གསང་སྡོམ་སྒོས་སྤྲིན་སྣེར་ཡར་སྐྱེལ་བྱེད་པ་མ་ཟད་གསང་སྡོམ་གྱིས་གསོག་འཇོག་བྱེད།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདིའི་རིགས་མཁོ་སྤྲོད་མི་བྱེད་ཚེ། སྒྲིག་ཆས་གསར་པའི་མཁྲེགས་ཆས་ཀྱི་པར་གཞི་རིམ་སྤོར་བྱས་ཏེ་སྤྱོད་ཐབས་བྲལ།

རིག་ལྡན་འཚོ་བས་སྒྲིག་ཆས་རིམ་སྤོར་བྱེད་པའི་བརྒྱུད་ལམ་ཁོ་ན་མཁོ་འདོན་བྱེད། སྒྲིག་ཆས་བརྟན་ཆས་ཀྱི་པར་གཞི་སྒྲིག་ཆས་ཀྱི་ཐོན་སྐྱེད་བཟོ་གྲྭས་མཁོ་འདོན་བྱེད། ཐོན་སྐྱེད་བཟོ་གྲྭས་པར་གཞིའི་སྤུས་ཀ་དང་རིམ་སྤོར་གྱི་མཇུག་འབྲས་ལ་འགན་འཁུར། སྒྲིག་ཆས་ཁག་ཅིག་གིས་རང་འགུལ་གྱིས་བརྟན་ཆས་རིམ་སྤོར་རྩོལ་ནུས་ལ་རྒྱབ་སྐྱོར་བྱེད། རང་འགུལ་གྱིས་རིམ་སྤོར་གྱི་རྩོལ་ནུས་སྤྱོད་འགོ་ཚུགས་རྗེས། སྒྲིག་ཆས་ཀྱིས་རང་འགུལ་གྱིས་བརྟན་ཆས་ཀྱི་པར་གཞི་གསར་པ་ཞིབ་དཔྱད་ཚད་ལེན་དང་ཕབ་ལེན། སྒྲིག་འཇུག་བྱེད་སྲིད། ཁྱེད་ཀྱིས་སྒྲིག་ཆས་ཀྱི་སྒྲིག་འགོད་མཚམས་ངོས་ནས་རང་འགུལ་རིམ་སྤོར་ཁ་ཕྱེ་བའམ་ཁ་རྒྱག་ཆོག་ལ། རང་འགུལ་རིམ་སྤོར་རྩོལ་ནུས་ཁ་བརྒྱབ་རྗེས་ཁྱེད་ཀྱིས་སྔར་བཞིན་ལག་འགུལ་གྱིས་རིམ་སྤོར་བྱེད་ཆོག གལ་ཏེ་ཁྱེད་རང་ཁང་པ་ཡོངས་ཀྱི་རིག་ལྡན་སྤྱོད་མཁན་ཡིན་ཚེ། ཁྱེད་རང་ངའི་ནས་སྒྲིག་འགོད། དེ་ནས་བརྟན་ཆས་གསར་སྒྱུར་གྱི་དྲ་ངོས་སུ་འཛུལ་ཏེ། དྲ་ངོས་གཡས་ཀྱི་གོང་ཟུར་གྱི་འདེམས་བྱང་བརྒྱུད་དེ། ཁང་པ་ཡོངས་ཀྱི་སྒྲིག་ཆས་ཀྱི་རང་འགུལ་གྱིས་གསར་སྒྱུར་གྱི་རྩོལ་ནུས་ཁ་ཕྱེ་བའམ་ཁ་རྒྱག་ཆོག

1.1.7 ཉེར་སྤྱོད་མཉེན་ཆས་རིམ་སྤོར།

ཉེར་སྤྱོད་མཉེན་ཆས་འདིའི་རིམ་སྤོར་མངོན་འགྱུར་བྱ་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། སྒྲིག་ཆས་ཀྱི་མཁྲེགས་ཆས་ཆ་འཕྲིན། (ལག་ཁྱེར་ཁ་པར་དང་ངོས་ལེབ་བཟོ་རྟགས་འདུས།) ཉེར་སྤྱོད་ངོ་རྟགས་ UUID ཉེར་སྤྱོད་པར་གཞིའི་རྟགས་ཀྱི་ཆ་འཕྲིན་བཅས་བསྡུ་རུབ་བྱས་ནས་ཉེར་སྤྱོད་མཉེན་ཆས་པར་གཞི་གསར་པ་ཞིབ་བཤེར་ཚད་ལེན་དང་ཕབ་ལེན་བྱེད་པར་སྤྱོད་པ་ཡིན། གོང་བརྗོད་གཞི་གྲངས་ནི་ང་ཚོས་གསང་སྡོམ་སྒོས་སྤྲིན་སྣེར་ཡར་སྐྱེལ་བྱེད་པ་མ་ཟད་གསང་སྡོམ་གྱིས་གསོག་འཇོག་བྱེད།

ཁྱེད་ཀྱིས་སྒྲིག་ཆས་ཀྱི་སྒྲིག་འགོད་མཚམས་ངོས་ནས་ WLAN ཁོར་ཡུག་ཏུ་བར་གཞུག་རང་འགུལ་གྱིས་གསར་སྒྱུར་བྱེད་ཅེས་པའི་རྩོལ་ནུས་ཀྱི་ཁ་འབྱེད་པའམ་ཁ་རྒྱག་ཆོག་ལ། རང་འགུལ་ནས་རིམ་པ་སྤོར་ཁ་ཕྱེ་བའམ་ཁ་རྒྱག་ཆོག་ལ། WLAN ཁོར་ཡུག་ཏུ་བར་གཞུག་རང་འགུལ་གྱིས་གསར་སྒྱུར་བྱེད་པའི་རྩོལ་ནུས་ཁ་བརྒྱབ་རྗེས་ཁྱེད་ཀྱིས་སྔར་བཞིན་ལག་འགུལ་གྱིས་རིམ་སྤོར་བྱེད་ཆོག

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདིའི་རིགས་མཁོ་སྤྲོད་མི་བྱེད་ཚེ། ཉེར་སྤྱོད་འདིའི་པར་གཞི་གསར་པ་རིམ་སྤོར་བེད་སྤྱོད་བྱེད་ཐབས་བྲལ།

1.1.8 བཟོ་ལྗོངས། ཁྱིམ་ཚང་དོ་དམ་དང་སྒྲིག་ཆས་མཉམ་སྤྱོད།

བཟོ་ལྗོངས་དང་ཁྱིམ་ཚང་དོ་དམ་དང་སྒྲིག་ཆས་མཉམ་སྤྱོད་བཅས་མངོན་འགྱུར་ཡོང་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། ཧྭ་ཝེའི་ཐོ་ཨང་དང་གཅེས་མིང་། མགོ་པར། གནས་ཡུལ་གྱི་ཆ་འཕྲིན། (འཕྲེད་གཞུང་ཚད། ཞིབ་ཕྲའི་གནས་ཡུལ། རགས་པའི་གནས་ཡུལ།) སྒྲིག་ཆས་ཀྱི་མིང་། སྒྲིག་ཆས་ཀྱི་རིགས། སྒྲིག་ཆས་ཀྱི་གསལ་བྱེད་རྟགས། (DEVID UDID SN) སྒྲིག་ཆས་ཀྱི་ MAC གནས་ཡུལ། སྒྲིག་ཆས་ཀྱི་བཟོ་རྟགས། སྒྲིག་ཆས་ཀྱི་རེའུ་མིག བཀོལ་སྤྱོད་རྒྱུད་ཁོངས་ཀྱི་རིགས། བཀོལ་སྤྱོད་རྒྱུད་ཁོངས་ཀྱི་པར་གཞི། སྤྱོད་མཁན་གྱི་རང་སྒྲིག་བཟོ་ལྗོངས་སྒྲིག་འགོད། ཁྱིམ་ཚང་གི་མིང་། ཁོངས་མིའི་རེའུ་མིག བཟོ་ལྗོངས་ ID དང་དྲས་གཏུབ་པང་ལེབ་ཀྱི་ཆ་འཕྲིན་དང་སྒྲིག་འཇུག་བྱས་ཟིན་པའི་ཉེར་སྤྱོད་ཀྱི་རེའུ་མིག་བཅས་ཡིན། བཟོ་ལྗོངས་སྒྲིག་འགོད་དང་ཁྱིམ་ཚང་ཚོགས་པའི་དོ་དམ། སྒྲིག་ཆས་མཉམ་སྤྱོད་དང་སྒྲིག་ཆས་ཀྱི་མཉམ་སྤྱོད་འབྱོར་ལེན་བཅས་སུ་སྤྱོད།

HarmonyOS རྒྱུད་ཁོངས་འདུས་གྲུབ་ཀྱི་མཐའ་སྣེའི་སྟེང་བཀྲམ་ཚུལ་གྱི་སྒྲིག་ཆས་མང་པོའི་མཐུན་སྦྱོར་ནུས་པ་མངོན་འགྱུར་འབྱུང་ཆེད། ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་འོག་གི་ཁྱིམ་ཚང་ཚོགས་པའི་ཆ་འཕྲིན་དཔེར་ན། ཧྭ་ཝེའི་ཐོ་ཨང་གི་ OpenID སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (DEVID འདུས།) བཅས་ཁྱིམ་ཚང་གི་ཁོངས་མི་ཡོངས་ཀྱི་མཐའ་སྣེ་རུ་མཉམ་སྤྱོད་བྱས་ཏེ། ཁྱིམ་ཚང་གཅིག་འོག་གི་སྒྲིག་ཆས་ནང་དུ་བརྙན་སྟོན་དང་སྒྲ་ཟློས་གཏོང་འཇོག་སོགས་སྒྲིག་ཆས་ཀྱི་མཐུན་སྦྱོར་རྩོལ་ནུས་ལ་སྤྱོད་དགོས།

ཁང་པ་ཡོངས་ཀྱི་རིག་ལྡན་ཡན་ལག་རྒྱུད་ཁོངས་ཁྲོད་དུ་གནས་ཡུལ་གཞིགས་པའི་ཞབས་ཞུ་མངོན་འགྱུར་བྱ་ཆེད། དེའི་ནང་གཤམ་གསལ་དེ་དག་ཚུད་ལ་དེས་མི་ཚད། གནས་ཡུལ་ལ་གཞིགས་པའི་གནམ་གཤིས་དང་མཁའ་རླུང་གི་གཞི་གྲངས་ཐོབ་ཐབས་བྱེད་པའི་ཞབས་ཞུ། ས་ཁམས་ས་ཁུལ་གཞིར་བཟུང་ནས་མཁོ་འདོན་བྱས་པའི་ཁྱད་པར་ཅན་གྱི་ཞབས་ཞུ། (དཔེར་ན་རང་གནས་དུས་ཆེན་གྱི་དྲན་སྐུལ།) ང་ཚོས་ཁྱེད་ཀྱི་རགས་བསྡུས་ཀྱི་གནས་ཡུལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་སྲིད། ཁྱེད་ཀྱིས་ཆ་འཕྲིན་འདི་མཁོ་འདོན་བྱས་ནས་གོང་བརྗོད་ཞབས་ཞུ་ཐོབ་ཐབས་བྱེད་མིན་འདེམས་ཆོག

ཁྱིམ་ཧྲིལ་བོའི་རིག་ལྡན་བཟོ་ལྗོངས་ཀྱི་སྒུལ་འཁོར་ཁྲོད་དུ། ང་ཚོས་ཁྱེད་ཀྱིས་སྒྲིག་འགོད་བྱས་པའི་སྒྲིག་ཆས་ཀྱི་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་སྒྲིག་འགོད་ཞུགས་གྲངས། སྤྱོད་མཁན་གྱིས་རང་སྒྲིག་བྱས་པའི་བཟོ་ལྗོངས་ཀྱི་སྒྲིག་འགོད་ཆ་འཕྲིན། རང་སྒྲིག་ཡི་གེ། སྐབས་བསྟུན་གྱི་ངོ་རྟགས་གཅིག་པུ། (བཟོ་ལྗོངས་ ID ཁང་པའི་ ID བཟོ་ལྗོངས་ལག་བསྟར་གྱི་ ID) སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (DEVID) བསྡུ་རུབ་བྱས་ཏེ། ཁྱིམ་ཧྲིལ་བོའི་རིག་ལྡན་བཟོ་ལྗོངས་ཀྱི་བཀོད་སྒྲིག་དང་ལག་བསྟར་ཐད་སྤྱོད་རྒྱུ།

ཧྭ་ཝེའི་རིག་ལྡན་ལག་རོགས་ཞབས་ཞུའི་སྒྲ་རིས་གོམ་མཉམ་གྱི་རྩོལ་ནུས་མངོན་འགྱུར་ཡོང་ཆེད། ཁྱེད་ཀྱི་ཐོ་ཨང་འོག་གི་རིག་ལྡན་འཚོ་བའི་ཁྱིམ་ཚང་ཚོགས་པའི་ཆ་འཕྲིན་ཧྭ་ཝེའི་རིག་ལྡན་ལག་རོགས་ཀྱི་ཞབས་ཞུའི་ཐོག་མཉམ་སྤྱོད་བྱེད་དགོས་ཏེ། ཁྱིམ་ཚང་གཅིག་པའི་འོག་སྒྲིག་ཆས་ཁྲོད་ཀྱི་སྒྲ་རིས་ཆ་འཕྲིན་གོམ་མཉམ་བྱས་ཏེ་སྐད་གདངས་ཚོད་འཛིན་བྱ་རྒྱུར་སྤྱོད།

བཟོ་ལྗོངས་མཉམ་འགུལ་གྱི་རྩོལ་ནུས་ཁག་ཅིག་ནི་ཁྱེད་ཀྱི་ལག་ཁྱེར་ཁ་པར་རམ་ངོས་སྙོམས་ཀྱི་མཁྲེགས་ཆས་དང་བཀོལ་སྤྱོད་རྒྱུད་ཁོངས་ཀྱི་རྒྱབ་སྐྱོར་ལ་བརྟེན་པ་ཡིན། དེའི་ཕྱིར་ང་ཚོས་ཁྱེད་ཀྱི་རྒྱུད་ཁོངས་ཀྱི་ངོ་བོ་དང་སྒྲིག་ཆས་ཀྱི་བཟོ་རྟགས། སྒྲིག་ཆས་ཀྱི་ཚོང་རྟགས། སྒྲིག་ཆས་ཉིང་ལྷེབ་ཀྱི་རིགས་བཅས་བསྡུ་རུབ་བྱེད་སྲིད།

སྔར་ལས་ལེགས་པའི་འགྲེམ་སྟོན་ཁྱད་ནུས་མངོན་འགྱུར་ཡོང་ཆེད། ང་ཚོས་ཁྱེད་ཀྱི་ལག་ཁྱེར་ཁ་པར་རམ་ངོས་སྙོམས་གློག་ཀླད་ཀྱི་རྒྱུད་ཁོངས་སྐད་རིགས་ཀྱི་སྒྲིག་འགོད་དང་སྒྲིག་ཆས་མཁྲེགས་ཆས་ཆ་འཕྲིན་བསྡུ་རུབ་བྱེད་དགོས།

བཟོ་ལྗོངས་ཤོག་བྱང་གིས་རང་འགུལ་ཅན་གྱིས་ལས་འགན་རིགས་སྣ་ཚོགས་ལག་ལེན་བསྟར་ཐུབ། ང་ཚོས་ཁྱེད་ནས་སྒྲིག་འགོད་བྱས་པའི་དུས་ཚོད་དང་གནས་ཡུལ། (ཞིབ་ཅིང་ཡང་དག་གི་གནས་ཡུལ་གྱི་ཆ་འཕྲིན།) རང་སྒྲིག་སྐད་གདངས། (བཟོ་ལྗོངས་སྒྲ་ཕབ།) སྒྲིག་ཆས་འདོགས་པའི་རྣམ་པ། འགུལ་སྐྱོད་རྣམ་པ། འགུལ་སྐྱོད་ཀྱི་སྙིང་འཕར་ཚད། འགུལ་སྐྱོད་ཀྱི་གོམ་པའི་གོམ་གྲངས། འགུལ་སྐྱོད་ཀྱི་བར་ཐག འགུལ་སྐྱོད་ཟད་གྲོན་གྱི་ཚ་ཚད། རང་སྒྲིག་ཡི་གེ། སོ་སྔོན་ཞུགས་གྲངས། WLAN ཞུགས་གྲངས། འབྲེལ་གཏུག་མི་སྣའི་མིང་། ཉེར་སྤྱོད་ཀྱི་གཞི་རྩའི་ཆ་འཕྲིན། (ཉེར་སྤྱོད་ཀྱི་ཐུམ་མིང་། པར་གཞིའི་རྟགས།) དེ་བཞིན་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (UDID Push Token) བཅས་བསྡུ་རུབ་བྱེད་སྲིད་ཅིང་། གསང་སྡོམ་གྱིས་བཟོ་ལྗོངས་སྒྲིག་འགོད་ཀྱི་ཆ་འཕྲིན་འདི་དག་གསོག་འཇོག་བྱ་སྲིད། ཧྭ་ཝེ་ཡིས་སྐབས་བསྟུན་ངང་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (SN) ཐོན་པ་མ་ཟད་དེ་དང་ཁྱེད་ཀྱིས་འདྲི་རྩད་བྱེད་དགོས་པའི་ཆ་འཕྲིན་དང་མཉམ་དུ་ཕྱོགས་གསུམ་པའི་ཞབས་ཞུར་བསྐུར་སྲིད། ཕྱོགས་གསུམ་པས་ཁྱེད་ཀྱི་ཐོབ་ཐང་གི་ཆ་འཕྲིན་ཤེས་མི་སྲིད། ཁྱེད་ཀྱིས་བཟོ་ལྗོངས་རིམ་སྒྲིག་དང་ཁ་སྣོན་བྱས་རྗེས། ཁྱེད་ཀྱིས་ལག་སྒུལ་གྱིས་བཟོ་ལྗོངས་ཤོག་བྱང་རྡེབ་ནས་བཟོ་ལྗོངས་ལག་བསྟར་བྱེད་པ་སྐུལ་སློང་བྱེད་པའམ་ཡང་ན་སྒྲིག་འགོད་ཆ་རྐྱེན་འཛོམས་སྐབས་བཟོ་ལྗོངས་ཤོག་བྱང་ཡང་རང་འགུལ་ངང་ལག་བསྟར་བྱེད་ཆོག ཁྱེད་ཀྱིས་རང་འགུལ་ངང་ལག་བསྟར་བྱེད་པའི་བསད་སྤར་ཁ་རྒྱག་པ་ལ་རྡེབ་ཆོག

ཁྱེད་ཀྱིས་ཧྭ་ཝེའི་རོལ་དབྱངས་སྒྲིག་འཇུག་བྱས་པའི་གནས་ཚུལ་འོག་ནས་རང་གནས་རོལ་དབྱངས་གཏོང་བའི་བཟོ་ལྗོངས་རྩོམ་སྒྲིག་བྱེད་སྐབས། ང་ཚོ་ཧྭ་ཝེའི་རོལ་དབྱངས་ལ་མཆོང་སྒྱུར་བྱས་ནས་ལྟོས་ཟླའི་ཞབས་ཞུ་མཁོ་འདོན་བྱེད་ལ། ཁྱེད་ཀྱིས་ཧྭ་ཝེའི་རོལ་དབྱངས་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས་(https://privacy.consumer.huawei.com/legal/music/privacy-statement.htm?country=CN&language=bo_cn&branchid=4)ལ་ལྟ་ཞིབ་བྱས་ནས་ཞིབ་ཕྲའི་ཆ་འཕྲིན་རྒྱུས་ལོན་བྱས་ཆོག

བཟོ་ལྗོངས་ལག་བསྟར་གྱིས་རིག་ལྡན་འཚོ་བའི་རྨང་གཞིའི་ཞབས་ཞུ་སྤྱོད་རྒྱུ་ཡིན་པས། ཁྱེད་ཀྱིས་རིག་ལྡན་འཚོ་བའི་རྨང་གཞིའི་ཞབས་ཞུ་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས་(https://privacy.consumer.huawei.com/legal/hilinksvc/privacy-statement.htm?code=CN&branchid=999&language=bo-cn)ལ་ལྟ་ཞིབ་བྱས་ནས་ཞིབ་ཕྲའི་ཆ་འཕྲིན་རྒྱུས་ལོན་བྱས་ཆོག

བཟོ་ལྗོངས་སྒྲིག་འགོད་ཁྲོད་ནས་གནམ་གཤིས་སྒྲོག་གཏོང་དང་། བགྲོད་ལམ་གནས་ཚུལ་ཕྱོགས་སྟོན། ས་བབ་ཀྱི་ར་བསྐོར་སོགས་ཀྱི་རྩོལ་ནུས་མཁོ་འདོན་བྱེད་ཆེད། ང་ཚོས་ཀའོ་ཏེ་སྒོ་འབྱེད་སྟེགས་བུའི་ས་ཁྲ་ SDK ཕྱོགས་བསྡུས་བྱས་ཡོད། SDK འདིས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་དག་བསྡུ་རུབ་བྱེད་སྲིད། གནས་ཡུལ་གྱི་ཆ་འཕྲིན། (འཕྲེད་གཞུང་ཚད། ཞིབ་ཕྲའི་གནས་ཡུལ། རགས་པའི་གནས་ཡུལ།) སྒྲིག་ཆས་ཀྱི་ཆ་འཕྲིན། 【དཔེར་ན་ IP གནས་ཡུལ། GNSS ཆ་འཕྲིན། WLAN རྣམ་པ། WLAN ཞུགས་གྲངས། WLAN རེའུ་མིག SSID དང་ BSSID གཞི་ཚིགས་ཀྱི་ཆ་འཕྲིན། བརྡ་རྟགས་ཀྱི་དྲག་ཚད་ཀྱི་ཆ་འཕྲིན། སོ་སྔོན་གྱི་ཆ་འཕྲིན། ཚོར་ཆས་ཀྱི་ཆ་འཕྲིན། (ཕྱོགས་ཚད། འགྲོས་སྣོན། གནོན་ཤུགས། ཁ་ཕྱོགས། སའི་ཁབ་ལེན།) སྒྲིག་ཆས་ཀྱི་བརྡ་རྟགས་ཀྱི་དྲག་ཚད་ཆ་འཕྲིན། ཕྱི་རོལ་གྱི་གསོག་འཇོག་དཀར་ཆག】 སྒྲིག་ཆས་ཀྱི་ངོ་རྟགས་ཆ་འཕྲིན། (IMEI IDFA IDFV Android ID MEID MAC གནས་ཡུལ། OAID IMSI ICCID མཁྲེགས་ཆས་ཀྱི་རིམ་སྟར་ཨང་རྟགས།) མིག་སྔའི་ཉེར་སྤྱོད་ཀྱི་ཆ་འཕྲིན། (ཉེར་སྤྱོད་ཀྱི་མིང་། ཉེར་སྤྱོད་ཀྱི་པར་གཞིའི་ཨང་རྟགས།) སྒྲིག་ཆས་ཀྱི་ཞུགས་གྲངས་དང་རྒྱུད་ཁོངས་ཀྱི་ཆ་ཕྲིན། (རྒྱུད་ཁོངས་ཀྱི་ངོ་བོ། སྒྲིག་ཆས་ཀྱི་བཟོ་རྟགས། བཀོལ་སྤྱོད་རྒྱུད་ཁོངས། འཁོར་སྐྱོད་ཚོང་གཉེར་བའི་ཆ་འཕྲིན།) སྐད་གདངས་ནུས་སློང་བཟོ་ལྗོངས་ལག་བསྟར་དང་། རང་སྒྲིག་ཡི་གེའི་ལས་འགན་སོགས་ཀྱི་བཟོ་ལྗོངས་རྩོལ་ནུས་མཁོ་འདོན་བྱ་ཆེད། ང་ཚོས་ཁྱེད་ལ་ཧྭ་ཝེའི་རིག་ལྡན་སྐད་གདངས་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཞབས་ཞུ་འདིས་ཡི་གེའི་བཀའ་བྱང་དང་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (UDID) བསྡུ་ལེན་བྱས་ནས་ཧྭ་ཝེའི་རིག་ལྡན་སྐད་གདངས་ལ་མཉམ་སྤྱོད་བྱས་ཏེ་བཟོ་ལྗོངས་ལག་བསྟར་ནུས་པ་མཁོ་འདོན་དང་བཟོ་ལྗོངས་ལག་བསྟར་བསྡོམས་རྩིས་བྱེད། ཞིབ་ཕྲའི་གནས་ཚུལ་ཧྭ་ཝེའི་རིག་ལྡན་སྐད་གདངས་ཀྱི་སྒེར་གསང་སྲིད་ཇུས་(https://privacy.consumer.huawei.com/legal/ai-voice/privacy-statement.htm?code=CN&branchid=10&language=bo_cn)ལ་ལྟ་ཞིབ་བྱེད་རོགས།

བཟོ་ལྗོངས་ཀྱིས་རིག་ལྡན་འཚོ་བ་དང་རིག་ལྡན་ལག་རོགས། ཚོད་འཛིན་ལྟེ་གནས་སོགས་ཀྱི་ཉེར་སྤྱོད་མང་པོའི་ནང་གི་གསར་འཛུགས་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད། ཁྱེད་ཀྱི་བཟོ་ལྗོངས་བེད་སྤྱོད་ཀྱི་ཉམས་ལེན་མཐོར་འདེགས་གཏང་ཆེད། ང་ཚོས་བཟོ་ལྗོངས་གཞི་གྲངས་གོམ་མཉམ་གྱི་རྩོལ་ནུས་མཁོ་འདོན་བྱས་ཡོད། ཉེར་སྤྱོད་བརྒལ་ནས་བཟོ་ལྗོངས་གཞི་གྲངས་གོམ་མཉམ་བྱ་རྒྱུར་རྒྱབ་སྐྱོར་བྱེད། ཁྱེད་ཀྱིས་ཁྱེད་རང་གི་ཧྭ་ཝེའི་ལག་ཁྱེར་ཁ་པར་རམ་ངོས་སྙོམས་གློག་ཀླད་ཐོག་སྒྲིག་འགོད་ནས་རིག་ལྡན་ལག་རོགས། དེ་ནས་རིག་ལྡན་བཟོ་ལྗོངས། དེ་ནས་གཞི་གྲངས་གོམ་མཉམ་ཡང་ན་རིག་ལྡན་འཚོ་བ་ནས་བཟོ་ལྗོངས། དེ་ནས་ ∷ དེ་ནས་གཞི་གྲངས་གོམ་མཉམ་དུ་ཕེབས་ཏེ། བཟོ་ལྗོངས་གཞི་གྲངས་གོམ་མཉམ་གྱི་རྩོལ་ནུས་ཁ་འབྱེད་པའམ་ཁ་རྒྱག་ཆོག བཟོ་ལྗོངས་གཞི་གྲངས་གོམ་མཉམ་བྱེད་པའི་རྩོལ་ནུས་རིག་ལྡན་ལག་རོགས་ 11.0.54.302 དང་རྗེས་མའི་པར་གཞི་རུ་རྒྱབ་སྐྱོར་བྱེད།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདིའི་རིགས་མཁོ་འདོན་མ་བྱས་ཚེ། བཟོ་ལྗོངས་དང་ཁྱིམ་ཚང་དོ་དམ། སྒྲིག་ཆས་མཉམ་སྤྱོད། ཁྱིམ་ཧྲིལ་པོའི་རིག་ལྡན་རྒྱུད་ཁོངས་ཕལ་བ་དང་སྒྲ་རིས་གོམ་མཉམ་གྱི་རྩོལ་ནུས་བེད་སྤྱོད་བྱ་ཐབས་བྲལ།

བཟོ་ལྗོངས་ཀྱི་རྩོལ་ནུས་ནི་ཉེར་སྤྱོད་ཁྲོམ་རར་བཏོན་པའི་པར་གཞི་ཁོ་ན་ནས་མ་གཏོགས་རྒྱབ་སྐྱོར་མི་བྱེད།

1.1.9 ཁྲོམ་ར།

ཚོང་ཁྲོམ་དང་རིག་ལྡན་འཚོ་བའི་ཐོན་རྫས་ཀྱི་བརྡ་འཕྲིན་དང་ཀུན་དཔྱད་ཞབས་ཞུ་མངོན་འགྱུར་བྱེད་ཆེད། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ཧྭ་ཝེ་ཁྲོམ་ར་འདུས་གྲུབ་བྱས་ཡོད། ཁྱེད་ཀྱིས་ཚོང་ཁྲོམ་དུ་དབང་སྤྲོད་ནས་མཉམ་སྤྱོད་བྱས་པའམ་ཡར་སྤྲད་པའི་མི་སྒེར་ཆ་འཕྲིན་གྱི་སྒེར་གསང་སྲུང་སྐྱོབ། ཧྭ་ཝེ་ཁྲོམ་རས་སྒེར་གསང་སྲིད་ཇུས་བདག་སྐྱོར་མཁོ་འདོན་བྱེད། ཞིབ་ཕྲའི་གནས་ཚུལ་ཧྭ་ཝེ་ཁྲོམ་རའི་སྒེར་གསང་སྲིད་ཇུས་(https://consumer.huawei.com/minisite/cloudservice/vmall/privacy-statement.htm?code=CN&language=bo_cn)ལ་ལྟ་ཞིབ་བྱེད་རོགས།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་དག་མཁོ་སྤྲོད་ཚེ། ཧྭ་ཝེ་ཁྲོམ་ར་དུ་དངོས་ཟོག་ཉོ་ཐབས་བྲལ། འོན་ཀྱང་དེ་ཡིས་ཞབས་ཞུ་འདིའི་རྩོལ་ནུས་གཞན་དག་སྤྱོད་པར་ཤུགས་རྐྱེན་མི་ཐེབས།

1.1.10 གླེང་སྟེགས།

གླེང་སྟེགས་ཀྱི་ནུས་པ་མངོན་འགྱུར་ཐུབ་ཆེད། རིག་ལྡན་འཚོ་བ་ཞེས་པའི་ཉེར་སྤྱོད་ཀྱིས་ངའི་ཧྭ་ཝེ་ཞེས་པས་མཁོ་འདོན་བྱས་པའི་གླེང་སྟེགས་ཞབས་ཞུ་ཕྱོགས་གཅིག་ཏུ་བསྒྲིལ་ཡོད། ཁྱེད་ཀྱིས་གླེང་སྟེགས་རྩོལ་ནུས་བཀོལ་སྤྱོད་བྱེད་སྐབས། མི་སྒེར་གྱི་ཆ་འཕྲིན་གྱི་སྒེར་གསང་སྲུང་སྐྱོབ་ནི། ངའི་ཧྭ་ཝེ་ཞེས་པས་སྒེར་གསང་སྲིད་ཇུས་ཀྱི་བདག་སྐྱོང་འདོན་སྤྲོད་བྱེད། ཞིབ་ཕྲའི་གནས་ཚུལ་ངའི་ཧྭ་ཝེ་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས་(https://privacy.consumer.huawei.com/legal/my-huawei/privacy-statement.htm?country=CN&language=bo_cn)ཞེས་པའི་ས་བཅད་ལ་གཟིགས།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་དག་འདོན་སྤྲོད་མ་བྱས་ན། ཁྱེད་ཀྱིས་གླེང་སྟེགས་ཐོག་ཏུ་གཏམ་གླེང་དང་དཔྱད་བརྗོད་བྱེད་ཐབས་བྲལ། འོན་ཏེ་རིག་ལྡན་འཚོ་བའི་རྩོལ་ནུས་གཞན་པ་བཀོལ་བར་ཤུགས་རྐྱེན་མི་ཐེབས།

1.1.11 ཚོང་དོན་རིག་ལྡན།

རིག་ལྡན་འཚོ་བའི་ཞབས་ཞུའི་སྤུས་ཚད་དཔྱད་དཔོག་དང་སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་བྱ་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དེ། ཧྭ་ཝེའི་ཐོ་ཨང་གི་ OpenID ཉེར་སྤྱོད་ཀྱི་གཞི་རྩའི་ཆ་འཕྲིན། (དེའི་ནང་ཉེར་སྤྱོད་ཀྱི་མིང་དང་པར་གཞི་ཚུད་ཡོད།) ཉེར་སྤྱོད་བེད་སྤྱོད་ཀྱི་་ཟིན་ཐོའི་ (དེའི་ནང་ཉེར་སྤྱོད་དྲ་ངོས་ལྟ་སྤྱོད་དུས་ཡུན་ཚུད་ཡོད།) ཆ་འཕྲིན། སྒྲིག་ཆས་ཀྱི་མཁྲེགས་ཆས་ཆ་འཕྲིན། (དེའི་ནང་ལག་ཁྱེར་ཁ་པར་དང་ངོས་ལེབ་སྒྲིག་ཆས་ཀྱི་བཟོ་རྟགས། བརྙན་ཡོལ་གྱི་འབྱེད་ཕྱོད་ཚུད་ཡོད།) བཀོལ་སྤྱོད་རྒྱུད་ཁོངས་ཀྱི་པར་གཞི། སྒྲིག་ཆས་ཀྱི་གསལ་བྱེད་རྟགས། (དེའི་ནང་ SN དང་། WLAN MAC གནས་ཡུལ། Android ID བཅས་ཚུད་ཡོད།) སྒྲིག་ཆས་ཀྱི་རེའུ་མིག སྒྲིག་ཆས་ཀྱི་མིང་། སྒྲིག་ཆས་ཀྱི་རིགས། མཉམ་འགུལ་ཟིན་ཐོའི་ (དེའི་ནང་ཁྱེད་ཀྱིས་སྤྲད་པའི་བཤེར་འཚོལ་ཚིག་ཚུད་ཡོད།) ཆ་འཕྲིན།

ང་ཚོས་གཤམ་གསལ་བྱེད་ཐབས་ལྟར་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་བེད་སྤྱོད་བྱེད་སྲིད་དེ། སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (SN དང་ Android ID ཚུད་ཡོད།) དང་ཧྭ་ཝེའི་ཐོ་ཨང་གི་ OpenID གཞི་གྲངས་མིང་མི་འགོད་པའི་ཐག་གཅོད་བརྒྱུད་རྗེས་གསང་སྡོམ་གྱིས་ཧྭ་ཝེའི་ཞབས་ཞུ་ཆས་སུ་བརྒྱུད་སྐུར་བྱས་ནས་གཞི་གྲངས་བསྡོམས་རྩིས་བྱས་ཏེ། གཞི་གྲངས་བསྡོམས་རྩིས་ཀྱི་སྙན་ཞུའི་རེའུ་མིག་གྲུབ། རིག་ལྡན་འཚོ་བའི་ཞབས་ཞུའི་སྤུས་ཀ་དཔྱད་འཇོག་དང་སྤྱོད་མཁན་གྱི་ཉམས་ལེན་ཇེ་ལེགས་གཏོང་ཆེད་ཡིན།

1.1.12 ཁྱིམ་ཡོངས་སྒྲིག་ཆས་ཀྱི་གཞི་གྲངས་གྲབས་ཉར་དང་སླར་གསོ།

ཁྱེད་ཀྱིས་ཁྱིམ་ཡོངས་གཙོ་འཕྲུལ་བེད་སྤྱོད་སྐབས། ཁྱིམ་ཡོངས་རིག་ལྡན་གཙོ་འཕྲུལ་དང་དེའི་འོག་གི་སྒྲིག་ཆས་ཀྱིས་མགྱོགས་མྱུར་གྱིས་ཆག་སྐྱོན་སླར་གསོ་མངོན་འགྱུར་ཐུབ་པར་འགན་སྲུང་བྱེད་པའམ། ཡང་ན་སྔར་ཡོད་ཀྱི་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པའི་གནས་ཚུལ་འོག་ཏུ་ཆག་སྐྱོན་སྒྲིག་ཆས་ཚབ་བརྗེ་བྱེད་ཐུབ་པར་འགན་སྲུང་བྱ་ཆེད། ང་ཚོས་ཁྱེད་ལ་ཁྱིམ་ཡོངས་སྒྲིག་ཆས་ཀྱི་གཞི་གྲངས་གྲབས་ཉར་དང་སླར་གསོའི་རྩོལ་ནུས་མཁོ་འདོན་བྱས་ཡོད། ལས་སྒོ་འདི་བེད་སྤྱོད་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (SN དང་། WLAN MAC གནས་ཡུལ། སོ་སྔོན་ MAC གནས་ཡུལ་འདུས།) དང་སྒྲིག་ཆས་ཀྱི་མིང་། སྒྲིག་ཆས་ཀྱི་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་བཀོད་སྒྲིག་ཞུགས་གྲངས་ཆ་འཕྲིན། ང་ཚོས་ཉིན་རེ་བཞིན་གོང་བརྗོད་སྒྲིག་ཆས་ཀྱི་གཞི་གྲངས་སྤྲིན་ཐོག་ཏུ་གྲབས་ཉར་ཐེངས་གཅིག་བྱེད་དགོས་ཏེ། སྒྲིག་ཆས་ལ་ཆག་སྐྱོན་བྱུང་རྗེས་དུས་ཐོག་ཏུ་ཉེ་ཆར་གྱི་སྒྲིག་ཆས་རྣམ་པར་སླར་གསོ་བྱེད་ཐུབ་པར་འགན་སྲུང་བྱ་ཆེད་ཡིན། དེའི་ཁྲོད་ཀྱི་གྲབས་ཉར་གཞི་གྲངས་ནི་ང་ཚོས་སྤྲིན་སྣེ་རུ་གསང་སྡོམ་གྱིས་གསོག་འཇོག་བྱ་སྲིད།

1.1.13 ཐེར་འདོན།

ཟློས་ལམ་གསར་རྙེད་བྱེད་པ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྱེད་ཀྱིས་རྩོམ་པ་པོའི་ཐོ་ཨང་ངོས་དང་། གླེང་གཞིའི་ངོས་དང་འགུལ་སྐྱོད་ངོས་ནས་ ∷ དང་ཐེར་འདོན་ལ་རྡེབ་སྟེ་ཐེར་འདོན་བྱས་ཆོག་ལ། བརྙན་ཟློས་ངོས་དང་རྩོམ་ཡིག་ངོས་ནས་མཉམ་སྤྱོད་མཐེབ་གནོན་དང་ཐེར་འདོན་རྡེབ་ནས་ཐེར་འདོན་བྱས་ཆོག ཁྱེད་ཀྱིས་གཏུག་བཤེར་ཐེར་འདོན་གྱི་ཞབས་ཞུ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ང་ཚོས་ཁྱེད་ནས་ཡར་སྤྲད་པའི་ཐེར་འདོན་གྱི་ནང་དོན་དང་འབྲེལ་གཏུག་བྱེད་སྟངས། (ལག་ཁྱེར་ཁ་པར་ཨང་གྲངས་སམ་སྦྲག་སྒམ་གྱི་གནས་ཡུལ།) དཔང་རྟགས་མཚོན་བྱེད་དཔྱད་ཡིག་ (ཡིག་གཞི། པར་རིས། བརྙན་ཟློས་བཅས་ཀྱི་ཆ་འཕྲིན།) བསྡུ་རུབ་བྱས་ཏེ། ཁྱེད་ཀྱི་གཏུག་བཤེར་ཐེར་འདོན་གྱི་རེ་ཞུ་འབྱོར་ལེན་བྱ་བ་མ་ཟད་ཐག་གཅོད་བྱ་རྒྱུར་སྟབས་བདེ་སྐྲུན། གལ་ཏེ་ཁྱེད་ཀྱིས་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་མ་བྱས་ཚེ། ང་ཚོས་ཁྱེད་ཀྱི་རེ་ཞུ་ཐག་གཅོད་དང་ཐག་གཅོད་མཇུག་འབྲས་ཕྱིར་ལྡོག་བྱེད་ཐབས་བྲལ་སྲིད།

1.1.14 ཟློས་ལམ་གསར་རྙེད་བྱེད།

ཁྱེད་ལ་བྱེད་སྒོར་མིང་ཐོ་འགོད་པའི་ཞབས་ཞུ་མཁོ་འདོན་བྱ་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་འཚོལ་བསྡུ་བྱེད་དགོས་ཏེ། ཧྭ་ཝེའི་ཐོ་ཨང་གི་ OpenID

ཁྱེད་ལ་ཚོང་ཁང་སྔོན་མངག་གི་ཞབས་ཞུ་མཁོ་འདོན་བྱ་ཆེད། ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སི་ཡིས་ཁྱེད་ཀྱི་གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱ་དགོས་ཏེ། སྤྱོད་མཁན་གྱི་རུས་མིང་དང་འབྲེལ་གཏུག་ཁ་པར། བདམས་པའི་གྲོང་ཁྱེར་དང་འཕྲིན་གཏོང་གནས་ཡུལ། (ཚོང་ཁང་གི་ཆ་འཕྲིན་འདུས་ཡོད།)

ཁྱེད་ལ་མགྱོགས་མྱུར་གྱིས་བསྟོད་པ་དང་བསྡུ་ཉར་བྱས་པའི་པར་ཡིག་དང་བརྙན་ཟློས་ལ་ལྟ་ཞིབ་བྱེད་པའི་ཞབས་ཞུ་མཁོ་འདོན་བྱ་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། མཉམ་འགུལ་ཟིན་ཐོ། (བསྟོད་པ་དང་བསྡུ་ཉར་ཟིན་ཐོའི་ཆ་འཕྲིན་འདུས།)

ཁྱེད་ཀྱིས་མགྱོགས་མྱུར་ངང་དགའ་མོས་ཡོད་པའི་ལས་སྒོ་འཚོལ་བར་སྟབས་བདེ་བསྐྲུན་ཆེད། ང་ཚོས་ཁྱེད་ལ་བཤེར་འཚོལ་ཞབས་ཞུ་མཁོ་འདོན་བྱས་ཡོད། ཞབས་ཞུ་འདིར་མཉམ་འགུལ་ཟིན་ཐོ་ (ཁྱེད་ཀྱིས་ཡར་སྤྲད་པའི་བཤེར་འཚོལ་ཚིག་འདུས།) བསྡུ་རུབ་བྱེད་དགོས།

ཁྱེད་ཀྱི་གཞི་གྲངས་བདེ་འཇགས་འགན་སྲུང་བྱེད་ཆེད། ང་ཚོས་གོང་བརྗོད་གཞི་གྲངས་གསང་སྡོམ་སྒོས་སྤྲིན་སྣེར་ཡར་སྐྱེལ་བྱེད་པ་མ་ཟད་གསང་སྡོམ་གྱིས་གསོག་འཇོག་བྱེད།

ཧྭ་ཝེའི་ལག་ཁྱེར་ཁ་པར་གྱི་བཟོ་ཐོན་སྔོན་སྒྲིག་གི་རིག་ལྡན་འཚོ་བའི་པར་གཞིས་ཟློས་ལམ་རྙེད་པའི་རྩོལ་ནུས་ལ་རྒྱབ་སྐྱོར་མི་བྱེད། གལ་ཏེ་ཁྱེད་ཀྱིས་རྩོལ་ནུས་འདི་སྤྱོད་དགོས་ཚེ། ཉེར་སྤྱོད་ཁྲོམ་ར་ནས་རིག་ལྡན་འཚོ་བའི་པར་གཞི་རིམ་སྤོར་བྱེད་རོགས།

1.2 ཁྱེད་རང་གི་མོས་མཐུན་ཐོབ་རྗེས་ང་ཚོས་ཁྱེད་རང་ལ་གཤམ་གྱི་ལས་སྒོའི་རྩོལ་ནུས་དང་ཞབས་ཞུ་འདོན་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད་འབྲེལ་ཡོད་ཀྱི་ཆ་འཕྲིན་ཐག་གཅོད་བྱེད་ཀྱི་ཡོད།

1.2.1 རིག་ལྡན་འཚོ་བའི་ལས་སྒོ་གཉེར་སྐྱོང་།

རིག་ལྡན་འཚོ་བའི་ལས་སྒོའི་གཉེར་སྐྱོང་གི་ཞབས་ཞུ་མཁོ་འདོན་བྱ་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་པ་སྟེ། ཧྭ་ཝེའི་ཐོ་ཨང་ OpenID IP གནས་ཡུལ། མིང་རྟགས་བཀོད་པ། བྱ་དགའ་འཐེན་པ་དང་རིག་སྲན་བརྗེ་བའི་ཟིན་ཐོ། ཁྱེད་ཀྱིས་ཚུར་ལན་བྱས་པའི་དངུལ་བརྗེའི་བྱ་དགའི་ཆ་འཕྲིན། (རུས་མིང་དང་ཁ་པར་ཨང་གྲངས་སམ་ལག་ཁྱེར་ཁ་པར་ཨང་གྲངས། ས་གནས།) མཉམ་འགུལ་ཟིན་ཐོ། (དྲས་གཏུབ་པང་ལེབ་གྱི་ཆ་འཕྲིན་ཚུད་ཡོད།) ཆ་འཕྲིན་དེ་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་འབྱོར་ཐོ་འགོད་པ་དང་བྱ་དགའ་ལེན་པ། བརྗེ་བ། བཟོ་ལྗོངས་འོས་སྦྱོར་སོགས་ཀྱི་གཉེར་སྐྱོང་བྱེད་སྒོ་སྤེལ་རྒྱུ་དེ་རེད།

ཁྱེད་ཀྱི་གཞི་གྲངས་བདེ་འཇགས་འགན་སྲུང་བྱེད་ཆེད། ང་ཚོས་གོང་བརྗོད་གཞི་གྲངས་གསང་སྡོམ་སྒོས་སྤྲིན་སྣེར་ཡར་སྐྱེལ་བྱེད་པ་མ་ཟད་གསང་སྡོམ་གྱིས་གསོག་འཇོག་བྱེད།

ཁྱེད་ལ་བྱ་དགའི་དངོས་རྫས་བསྐུར་ཆེད། ང་ཚོས་ཁྱེད་ཀྱི་འབྲེལ་གཏུག་བྱ་ཐབས་བསྡུ་རུབ་བྱས་ཏེ་ཕྱོགས་གསུམ་པའི་ཟོག་སྐྱེལ་ཀུང་སི་ལ་མཁོ་འདོན་བྱ་དགོས།

གལ་སྲིད་ཁྱེད་ཀྱིས་ཆ་འཕྲིན་འདི་རིགས་མཁོ་འདོན་མ་བྱས་ན་རིག་ལྡན་འཚོ་བའི་ལས་སྒོ་གཉེར་སྐྱོང་བྱེད་མི་ཐུབ། ཁྱེད་ཀྱིས་ངའི་ནས་སྒྲིག་འགོད་ལ་སོང་ནས་རིག་སྲན་ཞབས་ཞུ་ཁ་རྒྱག་ཆོག

འབྱོར་ཐོ་བཀོད་ནས་བྱ་དགའི་རྒྱན་ལེན་རྩོལ་ནུས་དང་རིག་སྲན་བརྗེ་བའི་རྩོལ་ནུས་ཡིས་ཉེར་སྤྱོད་ཁྲོམ་ར་ནས་བཀྲམ་པའི་པར་གཞི་ཁོ་ནར་རྒྱབ་སྐྱོར་བྱེད།

1.2.2 སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞི།

ཆག་སྐྱོན་ཐག་གཅོད་བྱེད་པ་དང་སྤྱོད་མཁན་གྱི་ཉམས་ལེན་ཇེ་ལེགས་གཏོང་བའི་ཆེད་དུ། ང་ཚོས་ཁྱེད་ཀྱི་གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱ་དགོས་ཏེ། རིག་ལྡན་འཚོ་བའི་ཉེར་སྤྱོད། ཁྱིམ་ཧྲིལ་བོའི་རིག་ལྡན་བཟོ་ལྗོངས་ཀྱི་སྒུལ་འཁོར་དང་རིག་ལྡན་སྒྲིག་ཆས་ཀྱི་ཉིན་ཐོ། དེའི་ཁྲོད་དུ་མིང་མི་འགོད་པའི་ཐག་གཅོད་བརྒྱུད་པའི་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (WLAN MAC ཆ་འཕྲིན་དང་ Android ID འདུས།) དང་རྒྱུད་ཁོངས་ཉིན་ཐོ་ (གཙོ་གནད་ཀྱི་ལས་རིམ་ཉིན་ཐོ། དོན་རྐྱེན་གྱི་ཉིན་ཐོ། ཆག་སྐྱོན་ཉིན་ཐོ་ཚུད་ཡོད།) འདུས་ཡོད། ཉིན་ཐོའི་ཁྲོད་དུ་ཁྱེད་ཀྱི་ཚོར་སྣང་སྐྱེན་པོའི་ཆ་འཕྲིན་ཟིན་འགོད་མི་བྱེད།

ང་ཚོས་གཤམ་གསལ་གྱི་བྱེད་ཐབས་ལམ་ནས་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་བེད་སྤྱོད་བྱེད་དེ། རང་འགུལ་གྱིས་རིག་ལྡན་འཚོ་བའི་ཉེར་སྤྱོད། ཁྱིམ་ཧྲིལ་བོའི་རིག་ལྡན་བཟོ་ལྗོངས་ཀྱི་སྒུལ་འཁོར་དང་རིག་ལྡན་སྒྲིག་ཆས་ཀྱི་ཉིན་ཐོ་བསྡུ་རུབ་བྱེད་ཅིང་ཞབས་ཞུ་ཆས་སུ་ཡར་སྐྱེལ་བྱེད། རོགས་རམ་དང་ལྡོག་འདྲེན་གྱི་འཛུལ་སྒོ་བརྒྱུད་དེ་སྤྱོད་མཁན་གྱིས་རང་འགུལ་ངང་རིག་ལྡན་འཚོ་བའི་ཉེར་སྤྱོད་དང་རིག་ལྡན་སྒྲིག་ཆས་ཀྱི་ཉིན་ཐོ་གོང་ལ་སྙན་སེང་ཞུ་བ་དང་ཞབས་ཞུ་ཆས་སུ་ཡར་སྐྱེལ་བྱས་ཏེ། ཉིན་ཐོའི་ཆ་འཕྲིན་དབྱེ་ཞིབ་བྱེད་པར་སྤྱད་དེ། སྒྲིག་ཆས་ཀྱི་འཁོར་བསྐྱོད་རྣམ་པར་བརྟག་པ། སྒྲིག་ཆས་ཀྱི་ཆག་སྐྱོན་ངོས་འཛིན་དང་གནས་ངེས་བྱེད། རིག་ལྡན་སྒྲིག་ཆས་ཁ་ཤས་ནི་ཕྱོགས་གསུམ་པས་བཟོ་སྐྲུན་དང་སྲུང་སྐྱོང་བྱེད་བཞིན་ཡོད། ཉིན་ཐོའི་ཆ་འཕྲིན་སྒྲིག་ཆས་བཟོ་སྐྲུན་བྱེད་པའི་ཚོང་བས་ཞབས་ཞུ་ཆས་སུ་ཡར་སྐྱེལ་བྱེད་ཀྱང་སྲིད། ཞིབ་ཕྲའི་གནས་ཚུལ་སྒྲིག་ཆས་ཀྱི་གཞི་རྩའི་ཞིབ་ཕྲའི་གནས་ཚུལ་ངོས་ཀྱི་ལྟོས་ཟླའི་བཟོ་སྐྲུན་ཚོང་བས་མཁོ་འདོན་བྱས་པའི་སྒེར་གསང་གསལ་བསྒྲགས་ཀྱི་ཆ་འཕྲིན་ལ་ཟུར་ལྟ་བྱས་ཆོག

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་དག་མཁོ་འདོན་མི་བྱེད་ཚེ། རིག་ལྡན་འཚོ་བའི་ལས་སྒོ་ཡི་ཆག་སྐྱོན་དུས་ལྟར་གསར་རྙེད་དང་ཐག་གཅོད་བྱེད་ཐབས་བྲལ། དུས་ལྟར་སྤྱོད་མཁན་གྱི་ཉམས་ལེན་ཇེ་ལེགས་སུ་གཏོང་ཐབས་བྲལ། འོན་ཀྱང་དེས་ཞབས་ཞུ་འདིའི་རྩ་བའི་རྩོལ་ནུས་བེད་སྤྱོད་པར་ཤུགས་རྐྱེན་མི་ཐེབས། ཁྱེད་རང་ངའི་ནས་སྒེར་གསང་དོ་དམ་དུ་ཕེབས་ཏེ། ཧྭ་ཝེའི་སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞིའི་ནང་དུ་ཞུགས་པ་ཡི་ཁ་རྒྱག་ཆོག

1.2.3 སྤྱོད་མཁན་གྱི་ཡིད་ཚིམ་ཚད་བརྟག་དཔྱད།

ང་ཚོའི་ཐོན་རྫས་ཀྱི་ཉམས་ལེན་ལེགས་བཅོས་དང་མཐོར་འདེགས་གཏོང་ཆེད། ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སིས་ཁྱེད་རང་གི་སྒྲིག་ཆས་ཀྱི་མཁྲེགས་ཆས་ཆ་འཕྲིན། (སྒྲིག་ཆས་ཀྱི་མིང་འདུས།) སྒྲིག་ཆས་ཀྱི་གསལ་བྱེད་རྟགས། (SN འདུས།) ཉེར་སྤྱོད་ཀྱི་གཞི་རྩའི་ཆ་འཕྲིན་ (ཉེར་སྤྱོད་པར་གཞིའི་ཨང་གྲངས་འདུས།) བཅས་བསྡུ་རུབ་བྱས་ནས་ཁྱེད་རང་ལ་སྤྱོད་མཁན་གྱི་ཉམས་ལེན་ལེགས་སྒྱུར་འདྲི་ཤོག་བརྟག་དཔྱད་འདེད་སྐྱེལ་བྱེད་པར་སྤྱོད་ཀྱི་ཡོད། ཁྱེད་རང་གི་ང་ཚོའི་བརྟག་དཔྱད་འདྲི་ཤོག་ལ་ཞུགས་རྒྱུ་བདམས་རྗེས། ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སིས་ཁྱེད་ཀྱི་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (དཔེར་ན་ཁྱིམ་ཧྲིལ་བོའི་གཙོ་འཕྲུལ་གྱི་ SN དང་ཚོད་འཛིན་བརྙན་ཡོལ་དབུས་མའི་ UUID ལྟ་བུ།) དང་། ཉེར་སྤྱོད་ཀྱི་གཞི་རྩའི་ཆ་འཕྲིན་ (ཉེར་སྤྱོད་པར་གཞིའི་ཨང་གྲངས་འདུས།) དང་མཉམ་འགུལ་ཟིན་ཐོ་ (ཁྱེད་ཀྱི་འདྲི་ཤོག་གི་དྲིས་ལན་ནང་དོན་འདུས།) བསྡུ་རུབ་བྱས་ཏེ། ཁྱེད་ཀྱིས་ཐོན་རྫས་བེད་སྤྱོད་ཀྱི་བརྒྱུད་རིམ་ཁྲོད་ཀྱི་ཉམས་ལེན་ལ་དབྱེ་ཞིབ་བྱེད་པར་སྤྱོད། ཁྱེད་ཀྱིས་སྤྱོད་མཁན་གྱི་ཉམས་ལེན་ལེགས་སྒྱུར་འདྲི་ཤོག་བརྟག་དཔྱད་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས་(https://consumer.huawei.com/minisite/cloudservice/ai-life-china/terms.htm?country=CN&language=bo-cn&branchId=201)ལ་ལྟ་ཞིབ་བྱས་ནས་ཞིབ་ཕྲའི་ཆ་འཕྲིན་ལ་རྒྱུས་ལོན་བྱེད་ཆོག

ཁྱེད་ཀྱི་གཞི་གྲངས་བདེ་འཇགས་འགན་སྲུང་བྱེད་ཆེད། ང་ཚོས་གོང་བརྗོད་གཞི་གྲངས་གསང་སྡོམ་སྒོས་སྤྲིན་སྣེར་ཡར་སྐྱེལ་བྱེད།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་ཚོ་མཁོ་འདོན་མ་བྱས་ཚེ། ཐོན་རྫས་ཀྱི་ཉམས་ལེན་མཇུག་འབྲས་ཕྱིར་ལྡོག་ལེན་མི་ཐུབ། འོན་ཀྱང་འདིས་རིག་ལྡན་འཚོ་བའི་རྩོལ་ནུས་གཞན་པ་བེད་སྤྱོད་བྱེད་པར་ཤུགས་རྐྱེན་མི་ཐེབས།

1.2.4 བརྡ་འཕྲིན་མཉམ་གཏོང་།

ཁྱེད་ལ་བརྡ་འཕྲིན་མཉམ་གཏོང་ཞབས་ཞུ་མཁོ་འདོན་བྱ་ཆེད། ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ OpenID ཉེར་སྤྱོད་རྩ་བའི་ཆ་འཕྲིན། ཉེར་སྤྱོད་བེད་སྤྱོད་ཀྱི་ཆ་འཕྲིན། སྒྲིག་ཆས་མཁྲེགས་ཆས་ཀྱི་ཆ་འཕྲིན་བཅས་ལ་ཐག་གཅོད་བྱེད་དགོས། དེའི་ཁྲོད་ནས། མཉམ་གཏོང་གི་ནང་དོན་ལ་བརྡ་ཐོའི་ཚན་པར་ལས་སྒོའི་དོན་རྐྱེན་འགྲེམ་སྟོན་དང་སྒྲིག་ཆས་ཀྱི་རྣམ་པའི་འགྱུར་ལྡོག གཉེར་སྐྱོང་བྱེད་སྒོའི་བརྡ་ཐོ་སོགས་ཀྱི་བརྡ་འཕྲིན་ཚུད་ཡོད་ལ་དེ་དག་ཁོ་ནས་མ་ཁྱབ་ཅིང་། ཁྱེད་ལ་སྔར་ལས་ལེགས་པའི་བེད་སྤྱོད་ཀྱི་ཉམས་ལེན་མཁོ་འདོན་བྱ་རྒྱུར་སྟབས་བདེ་སྐྲུན། ཁྱེད་ཀྱིས་ངའི་ནས་སྒྲིག་འགོད་དུ་ཕེབས་ཏེ། བརྡ་འཕྲིན་བརྡ་ཐོའི་ཁ་བརྒྱབ་ནས་རྩོལ་ནུས་འདིའི་ཁ་རྒྱག་ཆོག

ཁྱེད་ཀྱིས་དུས་ལྟར་ཁྱིམ་ཚང་ཁོངས་མིའི་འགྱུར་ལྡོག་ཆ་འཕྲིན་འབྱོར་ལེན་བྱ་ཆེད། ང་ཚོས་ཁྱེད་ལ་ཁྱིམ་ཚང་ཁོངས་མིའི་འགྱུར་ལྡོག་ཆ་འཕྲིན་མཉམ་གཏོང་རྩོལ་ནུས་མཁོ་འདོན་བྱས་ཡོད། གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་འབྱོར་ལེན་བྱེད་མི་འདོད་ཚེ། ཁྱེད་རང་ངའི་ནས་སྒྲིག་འགོད་དུ་ཕེབས་པ་དང་། ཧྭ་ཝེ་ཐོ་ཨང་གི་ཁྱིམ་མི་འོས་སྦྱོར་ཁ་རྒྱག་པ་ལ་བརྟེན་ནས་བརྡ་ཐོའི་མཉམ་གཏོང་འདི་འདོར་ཆོག

གལ་ཏེ་ཁྱེད་ཀྱིས་ལམ་སྟོན་ཆས་ཀྱི་བརྡ་འཕྲིན་མཉམ་གཏོང་རྩོལ་ནུས་ཀྱི་ཁ་རྒྱག་དགོས་ན། ཁྱེད་རང་ལམ་སྟོན་ཆས་ཀྱི་བྱང་བུ་ནས་སྒྲིག་ཆས་སམ་དེ་ལས་མང་བར་ལྟ་ཞིབ་བྱེད། དེ་ནས་བརྡ་འཕྲིན་བརྡ་ཐོ་ལ་ཕེབས་ནས་རྩོལ་ནུས་འདིའི་ཁ་རྒྱག་ཆོག

གལ་ཏེ་ཁྱེད་ཀྱིས་སྐུད་མེད་ཐགས་ཡངས་སྒྲིག་ཆས་ E5 སྒྲིག་ཆས་ཀྱི་གློག་ཚད་དམའ་བའི་དྲན་སྐུལ་གྱི་བརྡ་འཕྲིན་མཉམ་གཏོང་རྩོལ་ནུས་ཀྱི་ཁ་རྒྱག་དགོས་ན། ཁྱེད་རང་སྒྲིག་ཆས་ཀྱི་བྱང་བུར་ཐོ་འཇུག་བྱས་ཏེ་དེ་ལས་མང་བར་ལྟ་ཞིབ་བྱེད་ནས་གློག་བསྲི་སྒྲིག་འགོད། དེ་ནས་གློག་ཚད་དམའ་བའི་དྲན་སྐུལ་ལ་ཕེབས་ནས་རྩོལ་ནུས་འདིའི་ཁ་རྒྱག་ཆོག

གལ་ཏེ་ཁྱེད་ཀྱིས་རིག་ལྡན་སྒོའི་ཟྭ་ཡི་བརྡ་འཕྲིན་མཉམ་གཏོང་རྩོལ་ནུས་ཀྱི་ཁ་རྒྱག་དགོས་ན། ཁྱེད་རང་སྒྲིག་ཆས་ཀྱི་བྱང་བུ་དོ་དམ་གྱི་ངོས་ལ་ཐོ་འཇུག་བྱས་ཏེ། བརྡ་འཕྲིན་བརྡ་ཐོའི་ངོས་ལ་ཕེབས་ནས་རྩོལ་ནུས་འདིའི་ཁ་རྒྱག་ཆོག

ཁྱེད་ལ་དུས་ཐོག་ཏུ་བརྡ་འཕྲིན་འབུད་སྐྱེལ་འབྱོར་ཆེད། ང་ཚོས་ཕལ་ཆེར་ཞའོ་སྨི་དང་ OPPO vivo སོགས་ཕྱོགས་གསུམ་པའི་བརྡ་འཕྲིན་གཅིག་བསྡུ་བྱས་ནས་ SDK ལ་མཉམ་གཏོང་བྱེད་སྲིད། འབྲེལ་ཡོད་མཉམ་གཏོང་ SDK ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་སྲིད་པས། ཞིབ་ཕྲའི་ནང་དོན་ས་བཅད་དྲུག་པའི་ཕྱོགས་གསུམ་པའི་ SDK རེའུ་མིག་ཀློག་རོགས།

དེའི་ཁྲོད་ཞའོ་སྨི་ PUSH SDK སྒྲིག་ལྷུས་ཉེར་སྤྱོད་ཁ་བརྒྱབ་རྗེས་སམ་རྒྱབ་སྟེགས་འཁོར་སྐྱོད་རྣམ་པའི་འོག་རྒྱུན་ལྡན་ངང་སྤྱོད་མཁན་སྣེའི་འདེད་སྐྱེལ་གྱི་རྒྱང་སྒྲོག་ཆ་འཕྲིན་འབྱོར་ལེན་བྱེད་ཐུབ་པ་འགན་ལེན་བྱ་ཆེད། (ཁ་རང་འབྱེད།) ནུས་པ་སྤྱོད་དགོས། རྒྱུད་ཁོངས་བརྒྱུད་ནས་རྒྱང་སྒྲོག་སྐྱེལ་གཏོང་བྱས་ཏེ་ཉེར་སྤྱོད་འདི་གཉིད་སློང་ཁ་རང་འབྱེད་དམ་འབྲེལ་བཙུགས་འགོ་སློང་བའི་ཟློས་ཕྱོད་ཀྱི་བྱ་སྤྱོད་ཡོད་ཡོད་པ་ནི་རྩོལ་ནུས་དང་ཞབས་ཞུ་མངོན་འགྱུར་བྱེད་པར་དགོས་ངེས་ཡིན། ཁྱེད་ཀྱིས་ཉེར་སྤྱོད་དོ་དམ་ཁྲོད་ནང་དོན་འདེད་སྐྱེལ་བརྡ་འཕྲིན་ཁ་ཕྱེ་དུས། འབྲེལ་ཡོད་ནང་དོན་མཆོང་སྒྱུར་གྱིས་ཁ་འབྱེད་པ་ཡིན། གལ་ཏེ་ཁྱེད་ཀྱིས་ཉེར་སྤྱོད་དོ་དམ་ཁྲོད་བརྡ་འཕྲིན་བརྡ་ཐོ་ཁ་ཕྱེ་མེད་ཚེ། འབྲེལ་བཙུགས་འགོ་སློང་ཡོད་མི་སྲིད། ཞའོ་སྨི་ PUSH SDK ཡིས་ཞའོ་སྨི་ལག་ཁྱེར་ཁ་པར་རམ་ངོས་ལེབ་སྒྲིག་ཆས་ཐོག་མཉམ་གཏོང་ཞབས་ཞུ་ཁོ་ན་མཁོ་འདོན་བྱེད།

1.3 ཁྲིམས་གསལ་འོས་འགན་ནམ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་གཏན་འབེབས་བྱས་པའི་གནས་ཚུལ་ལ་གཞིགས་ནས། ང་ཚོས་ཁྱེད་རང་གི་གཤམ་གྱི་ཆ་འཕྲིན་བསྡུ་རུབ་དང་ཐག་གཅོད་བྱེད་ཀྱི་ཡིན།

1.3.1 རིག་ལྡན་འཚོ་བའི་ནང་དོན་གྱི་ཉེན་ཁ་ཚོད་འཛིན།

སྦྲེལ་དྲའི་སྤྱོད་མཁན་གྱི་རྩིས་ཐོའི་མིང་གི་དོ་དམ་གཏན་འབེབས་ལྟར་ན། ཁྱེད་ཀྱིས་མིང་བཟོ་བཅོས་རྒྱག་སྐབས།(དཔེར་ན་ཁྱིམ་ཚང་། ཁང་པ་དང་སྒྲིག་ཆས་ཀྱི་མིང་སོགས་བཟོ་བཅོས་རྒྱག་པ།) ང་ཚོས་ཁྱེད་རང་གི་གཅེས་མིང་ཆ་འཕྲིན་བསྡུ་རུབ་བྱས་ནས་གཅེས་མིང་དེ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་མིན་དབྱེ་འབྱེད་བྱེད་པར་སྤྱོད་པ་དང་། གལ་ཏེ་ཡོད་ན་རྒྱུད་ཁོངས་ཀྱིས་རང་འགུལ་ངང་བསྐྱར་འཇོག་བྱེད་སྲིད།

1.4 རིག་ལྡན་འཚོ་བའི་རྨང་གཞིའི་ཞབས་ཞུ།

ཁྱེད་ཀྱིས་རྨང་གཞིའི་ཞབས་ཞུ་བེད་སྤྱོད་བྱེད་སྐབས། ཁྱེད་ཀྱིས་རང་གནས་ནས་རིག་ལྡན་སྒྲིག་ཆས་ལ་དོ་དམ་བྱས་ཆོག་སྟེ། དཔེར་ན་ལམ་སྟོན་ཆས་སོགས། སྒྲིག་ཆས་ཚོད་འཛིན་བྱང་བའི་བསྒར་ལྷུར་དྲ་སྦྲེལ་ནས་གསར་སྒྱུར་བྱེད་པ། རྨང་གཞིའི་ཞབས་ཞུ་ཡིས་འབྲེལ་ཡོད་སྒྲིག་ཆས་ཀྱི་ཆ་འཕྲིན་སྤྲིན་སྣེ་ལ་ཡར་སྐྱེལ་བྱེད་མི་སྲིད། གལ་ཏེ་ཁྱེད་ཀྱིས་གསང་བའི་གསལ་བསྒྲགས་འདི་ལ་མོས་མཐུན་མ་བྱས་ཚེ་རྨང་གཞིའི་རྩོལ་ནུས་འདི་ཁོ་ན་སྤྱོད་ཆོག ཁྱེད་ཀྱིས་ཆ་ཚང་བའི་ཞབས་ཞུ་ཡི་རྣམ་པའི་འོག་ནས་རྨང་གཞིའི་ཞབས་ཞུའི་རྣམ་པར་བརྗེ་བསམ་ཚེ། ཁྱེད་རང་ངའི་ནས་སྒྲིག་འགོད། ཉེར་སྤྱོད་ཞབས་ཞུའི་སྒྲིག་འགོད་དུ་ཕེབས་པ་དང་། རྨང་གཞིའི་ཞབས་ཞུ་བདམས་ནས་རྣམ་པའི་བརྗེ་སྒྱུར་ལེགས་འགྲུབ་བྱས་ཆོག ཁྱེད་ཀྱིས་ཆ་ཚང་བའི་ཞབས་ཞུའི་རྣམ་པར་བརྠེ་སྒྱུར་བྱེད་དགོས་ཚེ། ཁྱེད་རང་གཡས་གོང་ཟུར་གྱི་ ∷ ནས་ཉེར་སྤྱོད་ཞབས་ཞུའི་སྒྲིག་འགོད་དུ་ཕེབས་པ་དང་། ཆ་ཚང་བའི་ཞབས་ཞུ་བདམས་ནས་རྣམ་པ་བརྗེ་སྒྱུར་ལེགས་འགྲུབ་བྱས་ཆོག

2 སྒྲིག་ཆས་དབང་ཚད་འཐེན་སྤྱོད།

ཁ་པར་ (སྒྲིག་ཆས་ཀྱི་ཆ་འཕྲིན།) གྱི་དབང་ཚད། ཁྱེད་ཀྱི་ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་ཞབས་ཞུ་སྐུལ་སློང་བྱ་རྒྱུར་བེད་སྤྱོད་བྱེད། ཁ་པར་གཏོང་ལེན་བྱེད་སྐབས། ཁྱེད་ཀྱི་ལག་ཁྱེར་ཁ་པར་ཁ་པར་གཏོང་ལེན་གྱི་རྣམ་པ་ཐོབ་ཐབས་བྱས་ཏེ། བར་གཞུག་གིས་རྒྱུན་ལྡན་ལྟར་ཁ་པར་གཏང་རྒྱུར་སྟབས་བདེ་སྐྲུན། དེའི་ཁྲོད་ནས་ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་གྱི་ཞབས་ཞུར་ཁྱེད་ནས་ཧྭ་ཝེའི་སྒྲ་སྒམ་མམ་ཧྭ་ཝེའི་རིག་ལྡན་བརྙན་ཡོལ་སོགས་ཀྱི་སྒྲིག་ཆས་སྡོམ་དགོས་པ་མ་ཟད། ཐོགས་ཐུག་མེད་པར་སྦྲེལ་བའི་བར་གཞུག་ཕབ་ལེན་བྱས་རྗེས་བེད་སྤྱོད་བྱེད་ཐུབ།

གནས་ཡུལ་གྱི་དབང་ཚད། WLAN དྲ་རྒྱའི་ཆ་འཕྲིན་ཐོབ་ཐབས་བྱས་ཏེ། རིག་ལྡན་སྒྲིག་ཆས་རྙེད་པ་དང་སྣོན་པ། འབྲེལ་མཐུད། དོ་དམ། ས་ཁམས་གནས་ཡུལ་དང་འབྲེལ་བའི་བཟོ་ལྗོངས་ཀྱི་གོ་རིམ་སྒྲིག་པ། གནམ་གཤིས་འདྲི་རྩད། ཁྱིམ་ཚང་གི་གནས་ཡུལ་སྒྲིག་འགོད། ཁང་དབྱིབས་དཔེ་རིས་འདྲེན་འཇུག WLAN བརྡ་རྟགས་ཀྱི་དྲག་ཚད་ཞིབ་བཤེར་ཚད་ལེན། རིག་ལྡན་བཤེར་དཔྱད་སྙན་ཞུའི་མཉམ་སྤྱོད། ཁང་པ་ཡོངས་རིག་ལྡན་ཡན་ལག་རྒྱུད་ཁོངས་ཁྲོད་གནས་ཡུལ་གྱི་ཆ་འཕྲིན་ལ་གཞིགས་པའི་རྩོལ་ནུས་བཅས་སུ་བེད་སྤྱོད་བྱེད། དེའི་ཁྲོད་ནས་ WLAN བརྡ་རྟགས་ཀྱི་དྲག་ཚད་ཞིབ་དཔྱད་ཚད་ལེན་དང་རིག་ལྡན་བཤེར་དཔྱད་སྙན་ཞུའི་མཉམ་སྤྱོད་ཁྲོད་ཀྱི་གནས་ཡུལ་ལ་གཞིགས་པའི་རྩོལ་ནུས་ལ་ཁྱེད་ཀྱིས་ལམ་སྟོན་རིགས་ཀྱི་སྒྲིག་ཆས་དང་སྡོམ་དགོས་པ་མ་ཟད། ལམ་སྟོན་བར་གཞུག་ཕབ་ལེན་བྱས་རྗེས་བེད་སྤྱོད་བྱེད་ཆོག

པར་ཆས་ཀྱི་དབང་ཚད། རྩ་གཉིས་རྟགས་རིས་བཤར་འབེབས་བྱ་རྒྱུ་དང་། ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་བརྙན་ཟློས་ཀྱི་ཞབས་ཞུ། པར་བླངས་ནས་གནད་དོན་ལྡོག་ལན། རིག་ལྡན་སྒྲིག་ཆས་ཀྱི་པར་ལེན། བརྙན་འབེབས། བརྙན་ཟློས་ཁ་པར་གཏོང་ལེན་བཅས་སུ་བེད་སྤྱོད་བྱེད། དེའི་ཁྲོད་ནས་ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་གྱི་རྩོལ་ནུས་ལ་ཁྱེད་ཀྱིས་ཧྭ་ཝེའི་སྒྲ་སྒམ་མམ་ཧྭ་ཝེའི་རིག་ལྡན་བརྙན་ཡོལ་སོགས་ཀྱི་སྒྲིག་ཆས་དང་སྡོམ་དགོས་པ་མ་ཟད། ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་གྱི་བར་གཞུག་ཕབ་ལེན་བྱས་རྗེས་བེད་སྤྱོད་བྱེད་ཐུབ།

ཁ་པར་ཐོ་དེབ་ཀྱི་དབང་ཚད། ཁྱིམ་ཚང་ཁོངས་མི་བསྣན་རྒྱུ་དང་སྒྲིག་ཆས་ནས་མཐུན་འགྲིག་དྲ་གྲོགས་ཀྱི་ཧྭ་ཝེའི་ཐོ་ཨང་མཉམ་སྤྱོད་བྱ་རྒྱུ། ཁ་པར་ཐོ་དེབ་ལ་གཞིགས་པའི་བཟོ་ལྗོངས་རྩོམ་སྒྲིག་བྱ་རྒྱུ། ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་གྱི་འབྲེལ་གཏུག་མི་སྣ་བསྣན་རྒྱུ་བཅས་སུ་སྤྱོད། དེའི་ཁྲོད་ནས་ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་གྱི་འབྲེལ་གཏུག་མི་སྣ་སྣོན་པའི་རྩོལ་ནུས་ལ་ཁྱེད་ཀྱིས་ཧྭ་ཝེའི་སྒྲ་སྒམ་མམ་ཧྭ་ཝེའི་རིག་ལྡན་བརྙན་ཡོལ་སོགས་ཀྱི་སྒྲིག་ཆས་དང་སྡོམ་དགོས་པ་མ་ཟད། ཐོགས་ཐུག་མེད་པར་སྦྲེལ་བའི་བར་གཞུག་ཕབ་ལེན་བྱས་རྗེས་བེད་སྤྱོད་བྱེད་ཐུབ།

སྒྲ་དུང་གི་དབང་ཚད། ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་གྱི་སྒྲ་ཟློས་ཞབས་ཞུ་དང་ཞུ་གཏུག་ཐེར་འདོན་རྩོལ་ནུས་ཀྱི་སྒྲ་ཟློས་ཕབ་བཟོ་དང་ཡར་སྐྱེལ། བཟོ་ལྗོངས་སྒྲིག་པའི་སྒྲ་ཟློས་ཕབ་བཟོ། རིག་ལྡན་སྒྲིག་ཆས་ཀྱི་སྒྲ་ཟློས་ངོས་འཛིན་བརྗེ་སྒྱུར་དང་ཁ་པར་གཏོང་ལེན། ཕབ་བཟོ། སྒྲ་ཟློས་འདོན་སྐྱེལ། རང་སྒྲིག་སྐད་སྒྲའི་བརྡ་ལན་བཅས་མངོན་འགྱུར་བྱེད་པར་སྤྱོད་རྒྱུ།

གསོག་འཇོག་ (སྨྱན་གཟུགས་དང་ཡིག་ཆ།) གི་དབང་ཚད། ཡིག་ཆ་ལག་ཁྱེར་ཁ་པར་རམ་རིག་ལྡན་སྒྲིག་ཆས་ཐོག་བེད་སྤྱོད་དང་ཉར་ཚགས་བྱ་རྒྱུ། གསོག་འཇོག་བྱས་ཡོད་པའི་གནས་འདི་གའི་ཡིག་ཆ་ཀློག་པ། གནད་དོན་ལྡོག་ལན། ཐེར་འདོན། རིག་སྲན་བྱ་དགའི་རྒྱན་ལེན་མཇུག་འབྲས་ཀྱི་མཉམ་སྤྱོད། ཁུའུ་ཀོའུ་ཐོ་ཨང་རྐྱང་རྡེབ་ཀྱི་ཐོ་འཇུག སྒྲ་སྒམ་རྒྱ་ཁྱབ་བརྡ་སྦྱོར་དང་རིག་ལྡན་བཤེར་དཔྱད་ཀྱི་སྙན་ཞུ་ཉར་ཚགས་བྱ་རྒྱུ། ཤར་སྦྲེལ་ཁ་པར་གཏོང་ལེན་གྱི་སྐད་འཇོག་ས། སྒྲ་ཟློས་གཏོང་བ། རང་གནས་ཉེར་སྤྱོད་རིག་ལྡན་བརྙན་ཡོལ་ཐོག་སྒྲིག་འཇུག་བྱེད་པ། བཟོ་ལྗོངས་སྒྲིག་པའི་སྒྲ་ཟློས་ཕབ་བཟོའི་ཡིག་ཆ་ཉར་ཚགས་དང་ཀློག་ལེན་བཅས་ཀྱི་རྩོལ་ནུས་སུ་སྤྱོད། དེའི་ཁྲོད་ནས། ཁུའུ་ཀོའུ་ཐོ་ཨང་རྐྱང་རྡེབ་ཀྱི་ཐོ་འཇུག་དང་ཐེར་འདོན། སྒྲ་སྒྲམ་རྒྱ་ཁྱབ་བརྡ་སྦྱོར་ཉར་ཚགས་བཅས་རྩོལ་ནུས་ལ་ཁྱེད་ཀྱིས་ཧྭ་ཝེའི་སྒྲ་སྒམ་སྒྲིག་ཆས་དང་སྡོམ་དགོས་པ་མ་ཟད། སྒྲ་སྒམ་གྱི་བར་གཞུག་ཕབ་ལེན་བྱས་རྗེས་བེད་སྤྱོད་བྱེད་ཐུབ། རིག་ལྡན་བཤེར་དཔྱད་ཀྱི་སྙན་ཞུ་ཉར་ཚགས་ཀྱི་རྩོལ་ནུས་ལ་ཁྱེད་ཀྱིས་ཧྭ་ཝེའི་ཁྱིམ་ཚང་གསོག་འཇོག་སོགས་ཀྱི་སྒྲིག་ཆས་དང་སྡོམ་དགོས་པ་མ་ཟད། གསོག་ཆས་བར་གཞུག་ཕབ་ལེན་བྱས་རྗེས་བེད་སྤྱོད་བྱེད་ཐུབ། ཤར་སྦྲེལ་ཁ་པར་གཏོང་ལེན་གྱི་སྐད་འཇོག་ས་དང་རང་གནས་ཉེར་སྤྱོད་རིག་ལྡན་བརྙན་ཡོལ་ཐོག་སྒྲིག་འཇུག་གི་རྩོལ་ནུས་ལ་ཁྱེད་ཀྱིས་ཧྭ་ཝེའི་རིག་ལྡན་བརྙན་ཡོལ་སོགས་ཀྱི་སྒྲིག་ཆས་དང་སྡོམ་དགོས་པ་མ་ཟད། རིག་ལྡན་བརྙན་ཡོལ་སྒྲིག་ཆས་ཀྱི་བར་གཞུག་ཕབ་ལེན་བྱས་རྗེས་བེད་སྤྱོད་བྱེད་ཐུབ། བྱིས་པའི་དྲར་ཞུགས་སྲུང་སྐྱོབ་རྩོལ་ནུས་ཀྱིས་པར་དེབ་ལ་ལྟ་སྤྱོད་བྱས་ཏེ་པར་རིས་ཀློག་ལེན་བྱེད་དགོས་ལ། ལམ་སྟོན་ཆས་ལ་འབྲེལ་མཐུད་བྱེད་པའི་སྒྲིག་ཆས་ཀྱི་མགོ་ པར་སྒྲིག་འགོད་བྱེད་པར་སྤྱོད།

ཁ་པར་ཟིན་ཐོའི་དབང་ཚད། ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་གྱི་བར་གཞུག་ཞབས་ཞུ་མངོན་འགྱུར་ཡོང་ཆེད། ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་ཟིན་ཐོར་ལྟ་ཞིབ་དང་དོ་དམ་བྱ་རྒྱུར་སྟབས་བདེ་སྐྲུན། ཁྱེད་ཀྱིས་དབང་ཚད་འདི་ཁ་འབྱེད་དགོས། ཐོགས་ཐུག་མེད་པར་སྦྲེལ་བའི་ཁ་པར་གཏོང་ལེན་གྱི་བར་གཞུག་ཞབས་ཞུར་ཁྱེད་ཀྱིས་ཧྭ་ཝེའི་སྒྲ་སྒམ་མམ་ཧྭ་ཝེའི་རིག་ལྡན་བརྙན་ཡོལ་སོགས་ཀྱི་སྒྲིག་ཆས་དང་སྡོམ་དགོས་པ་མ་ཟད། བར་གཞུག་དེ་ཕབ་ལེན་བྱས་རྗེས་བེད་སྤྱོད་བྱེད་ཐུབ།

སྒྲིག་འཇུག་བྱས་ཟིན་པའི་ཉེར་སྤྱོད་རེའུ་མིག་གི་དབང་ཚད། སྐུད་མེད་ཡངས་དྲའི་ཐོན་རྫས་ཀྱི་བཞུར་ཚད་མེད་པའི་ཉེར་སྤྱོད་མཉམ་སྤྱོད་བྱེད་པ་དང་བཟོ་ལྗོངས་རྩོམ་སྒྲིག དེ་མིན་རང་གནས་ཀྱི་ཉེར་སྤྱོད་རིག་ལྡན་བརྙན་ཡོལ་སྟེང་སྒྲིག་འཇུག་བྱེད་པའི་རྩོལ་ནུས་ (ལག་ཁྱེར་ཁ་པར་རམ་ངོས་ལེབ་ཀྱི་སྟེང་ནས་སྒྲིག་འཇུག་བྱས་ཟིན་པའི་ཉེར་སྤྱོད་འགྲེམ་སྟོན་བྱེད་པ་དང་རིག་ལྡན་བརྙན་ཡོལ་གྱི་སྟེང་དུ་ཉེར་སྤྱོད་མཉམ་སྤྱོད་བྱེད་པ།) མངོན་འགྱུར་ཡོང་ཆེད། ཁྱེད་ཀྱིས་དབང་ཚད་འདི་ཁ་འབྱེད་རྒྱུ་འདེམས་དགོས། རང་གནས་ཀྱི་ཉེར་སྤྱོད་རིག་ལྡན་བརྙན་ཡོལ་སྟེང་སྒྲིག་འཇུག་བྱེད་པའི་རྩོལ་ནུས་ལ་ཁྱེད་ཀྱིས་ཧྭ་ཝེའི་རིག་ལྡན་བརྙན་ཡོལ་གྱི་སྒྲིག་ཆས་དང་སྡོམ་དགོས་ལ། རིག་ལྡན་བརྙན་ཡོལ་གྱི་སྒྲིག་ཆས་བར་གཞུག་ཕབ་ལེན་བྱས་རྗེས་བེད་སྤྱོད་བྱེད་ཐུབ།

ཉེ་འགྲམ་གྱི་སྒྲིག་ཆས་ཀྱི་དབང་ཚད། གལ་ཏེ་ཁྱེད་ཀྱི་སྒྲིག་ཆས་ཀྱི་རྒྱུད་ཁོངས་སྒྲིག་འགོད་ཀྱི་དབང་ཚད་རེའུ་མིག་ཁྲོད་དུ་དབང་ཚད་འདི་ཡོད་ན། ཁྱེད་ཀྱིས་ཉེར་སྤྱོད་འདི་སྤྱད་དེ་སོ་སྔོན་སྒྲིག་ཆས་ལ་འབྲེལ་མཐུད་བྱེད་དགོས་དུས། དབང་ཚད་འདིའི་ཁ་དབྱེ་དགོས། ཁྱེད་ཀྱིས་རྒྱུད་ཁོངས་ཀྱི་སྒྲིག་འགོད་བརྒྱུད་དེ་ཉེ་འགྲམ་སྒྲིག་ཆས་ཀྱི་དབང་ཚད་ཁ་རྒྱག་ཆོག ཁ་བརྒྱབ་རྗེས། ཁྱེད་ཀྱིས་རྒྱུན་ལྡན་ལྟར་ཉེར་སྤྱོད་འདི་སྤྱད་དེ་སོ་སྔོན་སྒྲིག་ཆས་ལ་འབྲེལ་མཐུད་བྱེད་ཐབས་བྲལ། གལ་ཏེ་ཁྱེད་ཀྱི་སྒྲིག་ཆས་ཀྱི་རྒྱུད་ཁོངས་སྒྲིག་འགོད་ཀྱི་དབང་ཚད་རེའུ་མིག་ཁྲོད་དུ་ཉེ་འགྲམ་སྒྲིག་ཆས་ཀྱི་དབང་ཚད་འདི་མེད་ན། ང་ཚོས་འཐེན་སྤྱོད་བྱེད་ཐབས་བྲལ། ཁྱེད་ཀྱིས་ཐད་ཀར་དུ་རྒྱུད་ཁོངས་སྒྲིག་འགོད་བརྒྱུད་དེ་སོ་སྔོན་གྱི་ཁ་རྒྱག་ཆོག

གོང་བརྗོད་ཀྱི་དབང་ཚད་ཕུད། ཉེར་སྤྱོད་འདིས་ NFC བརྒྱུད་ནས་སྒྲིག་ཆས་ལ་འབྲེལ་མཐུད་བྱེད་སྐབས། NFC དབང་ཚད་ཀྱི་ཁ་འབྱེད་དགོས། གལ་ཏེ་ཁ་མ་ཕྱེ་ཚེ་སྒྲིག་ཆས་ལ་འབྲེལ་མཐུད་བྱ་ཐབས་བྲལ། ཁྱེད་ཀྱིས་རྒྱུད་ཁོངས་སྒྲིག་འགོད་བརྒྱུད་ནས་ NFC ཁ་རྒྱག་ཆོག

ཁྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱུད་ཁོངས་ཀྱི་སྒྲིག་འགོད་ལྟ་སྤྱོད་བྱས་ནས་ཉེར་སྤྱོད་འདིའི་དབང་ཚད་ལ་དོ་དམ་བྱས་ཆོག

3 མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར།

ཁྱེད་ཀྱི་བེད་སྤྱོད་ཀྱི་ཉམས་ལེན་མཐོར་འདེགས་གཏང་ཆེད་དང་། བཟོ་ལྗོངས་ལ་སྔར་ལས་ལྷག་པར་ཤེས་རྟོགས་བྱ་ཆེད། ཁྱེད་ཀྱི་མོས་མཐུན་ཐོབ་རྗེས། ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ OpenID སྒྲིག་ཆས་ཀྱི་མཁྲེགས་ཆས་ཆ་འཕྲིན་ (སྒྲིག་ཆས་ཀྱི་རིགས་འདུས།) དང་ཉེར་སྤྱོད་བེད་སྤྱོད་ཀྱི་ཆ་འཕྲིན་ལ་གཞིགས་ནས། ཁྱེད་ལ་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་བཟོ་ལྗོངས་འོས་སྦྱོར་མཁོ་འདོན་བྱེད་སྲིད། ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་སྦྲགས། ཁྱེད་ལ་སྔར་ལས་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་ཉམས་ལེན་མཁོ་འདོན་བྱེད། ཁྱེད་ཀྱིས་བཟོ་ལྗོངས་ནས་ ∷ དེ་ནས་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར་དུ་ཕེབས་ཏེ། བཟོ་ལྗོངས་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར་གྱི་ཁ་བརྒྱབ་ནས་རྩོལ་ནུས་འདིའི་ཁ་རྒྱག་ཆོག

བཟོ་ལྗོངས་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར་རྩོལ་ནུས་ནི་ཉེར་སྤྱོད་ཁྲོམ་རར་བཏོན་པའི་པར་གཞི་ཁོ་ནའི་ཁྲོད་ནས་རྒྱབ་སྐྱོར་བྱེད།

4 ལོ་ན་མ་སོན་པའི་སྐྱེ་བོའི་སྲུང་སྐྱོབ།

ང་ཚོས་སྐྱེ་བོ་ལོ་ན་མ་སོན་པའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཧྭ་ཝེ་ཡིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་ནན་པོ་གཞིར་བཟུང་སྐྱེ་བོ་ལོ་ན་མ་སོན་པས་ཞབས་ཞུ་སྤྱོད་སྐབས་དེ་མཚུངས་ཀྱི་སྲུང་སྐྱོང་མཁོ་འདོན་བྱ་རྒྱུ་ཡིན། གལ་ཏེ་ཁྱེད་ནི་ལོ་ན་མ་སོན་པའི་མི་ཡིན་ན། ཁྱེད་ཀྱི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་གྱིས་ཁྱེད་ཀྱིས་ཉེར་སྤྱོད་འདི་བཀོལ་སྤྱོད་བྱེད་པར་མོས་མཐུན་དང་འབྲེལ་ཡོད་ཉེར་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ལ་མོས་མཐུན་བྱེད་དགོས། ཕ་མའམ་ལྟ་སྐྱོང་བྱེད་མིས་ཀྱང་འོས་ཤིང་འཚམ་པའི་སྔོན་འགོག་བྱ་ཐབས་སྤྱད་ནས་ལོ་ན་མ་སོན་པར་སྲུང་སྐྱོབ་བྱ་དགོས་ཏེ། དེའི་ནང་དུ་ཁོ་ཚོས་ཉེར་སྤྱོད་འདི་བེད་སྤྱོད་བྱ་བར་ལྟ་སྐུལ་བྱ་རྒྱུ་ཚུད་ཡོད།

ལྷག་པར་དུ། གལ་ཏེ་ཁྱེད་ནི་བྱིས་པ་(ལོ་བཅུ་བཞི་ལ་མ་སོན་པའི་ལོ་ན་མ་སོན་པའི་སྐྱེ་བོ།)ཡིན་ན། ཁྱེད་རང་གིས་ང་ཚོའི་ཞབས་ཞུ་བེད་སྤྱོད་མ་བྱས་གོང་། ངེས་པར་དུ་ཁྱེད་རང་གི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མི་གཞན་དག་དང་མཉམ་དུ་ནན་ཏན་གྱི་སྒོ་ནས་གསལ་བསྒྲགས་འདི་དང་དེ་བཞིན་ང་ཚོས་ཆེད་དུ་གཏན་འབེབས་བྱས་པའི་ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོ་དང་བྱིས་པའི་སྒེར་གསང་སྲུང་སྐྱོང་གསལ་བསྒྲགས་(https://consumer.huawei.com/minisite/legal/childprivacy/statement.htm?code=CN&language=bo-CN)ལྟ་ཀློག་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས། དེར་མ་ཟད་ཁྱེད་རང་གི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མིས་མོས་མཐུན་དང་མཛུབ་སྟོན་བྱས་རྗེས། ང་ཚོའི་ཞབས་ཞུ་བེད་སྤྱོད་པའམ་ཡང་ན་ང་ཚོར་ཆ་འཕྲིན་མཁོ་འདོན་བྱེད་ཆོག གལ་ཏེ་ཁྱེད་ནི་བྱིས་པའི་ཕ་མ་དང་ལྟ་སྐྱོང་བྱེད་མི་གཞན་དག་ཡིན་ན། ཁྱེད་ཀྱིས་ལྟ་སྐྱོང་བྱེད་པའི་བྱིས་པས་ཁྱེད་ཀྱི་མོས་མཐུན་དང་མཛུབ་སྟོན་འོག་ང་ཚོའི་ཞབས་ཞུ་སྤྱོད་པ་དང་ང་ཚོར་ཆ་འཕྲིན་འདོན་སྤྲོད་བྱེད་པར་ཁག་ཐེག་གནང་རོགས།

5 ཕྱོགས་གསུམ་པ་དང་མཉམ་སྤྱོད་བྱེད་པ།

ཁྱེད་ལ་རྩོལ་ནུས་ཞབས་ཞུ་ཁ་ཤས་འདོན་སྤྲོད་བྱེད་ཆེད། དཔེར་ན་ང་ཚོས་ཕྱོགས་གསུམ་པའི་སྐྱེ་ཁམས་ཞབས་ཞུ་མཁོ་འདོན་ཚོང་པར་ཚོང་རྫས་རྐྱང་པའི་དོ་དམ་ནུས་པ་དང་སྐད་འཕྲིན་ཉེར་སྤྱོད་ལ་བརྟེན་ནས་རིག་ལྡན་སྒྲིག་ཆས་ཀྱི་བརྡ་འཕྲིན་བསྡུ་ལེན་བྱེད་པའི་ནུས་པ་སོགས་མཁོ་འདོན་བྱེད་ཀྱི་ཡོད། ང་ཚོས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་དེ་ཕྱོགས་གསུམ་པར་མཁོ་འདོན་བྱེད་དགོས། ཁྱེད་ཀྱི་གཞི་གྲངས་ཀྱི་བདེ་འཇགས་དང་སྒེར་གསང་ལ་འགན་ལེན་བྱ་ཆེད། ང་ཚོས་མཉམ་ལས་རོགས་ཟླ་དང་གཞི་གྲངས་བདེ་འཇགས་སྲུང་སྐྱོང་གི་གྲོས་མཐུན་བཞག་སྟེ། མཉམ་ལས་རོགས་ཟླས་ཁྱེད་ཀྱི་གཞི་གྲངས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་། འོས་འགན། བླང་བྱ་བཅས་ཁ་གསལ་བཟོས་ཡོད། ཞིབ་ཕྲའི་གནས་ཚུལ་ཐད་ནས་ཕྱོགས་གསུམ་པའི་མཉམ་སྤྱོད་ཆ་འཕྲིན་གསལ་ཐོ་(https://privacy.consumer.huawei.com/legal/smarthome/privacy-statement.htm?code=CN&language=bo-cn&branchid=3000&contenttag=3rdshare&version=20231030)ལ་ཟུར་དཔྱད་གནང་རོགས།

གལ་ཏེ་ཁྱེད་ཀྱིས་ཕྱོགས་གསུམ་པའི་ལས་སྟེགས་ལ་བསྡམས་པ་འགྲོལ་དགོས་ཚེ། རིག་ལྡན་འཚོ་བའི་ཁ་ཕྱེ་ནས་ངའི་ནས་ཕྱོགས་གསུམ་པར་སྦྲེལ་མཐུད་ལ་ཕེབས་ནས། ཁྱེད་ཀྱིས་བསྡམས་འགྲོལ་བྱེད་དགོས་པའི་ཕྱོགས་གསུམ་པའི་ལས་སྟེགས་ཁྲོད་འཛུལ་ནས། འདི་ལ་ ∷ རྡེབ་པ་ནས་བསྡམས་པ་མེད་པར་བཟོ་བ་ལ་ཕེབས་ཏེ་མེད་པར་བཟོ་བ་རྡེབ་པ།

གལ་ཏེ་ཁྱེད་ཀྱིས་ཕྱོགས་གསུམ་པར་དབང་སྤྲོད་བྱས་པ་ཕྱིར་འཐེན་བྱེད་དགོས་ན། རིག་ལྡན་འཚོ་བ་ནས་ངའི་ཁ་ཕྱེ་ནས། ཐོ་ཨང་གི་མགོ་པར་ལ་རྡེབ་ནས་མི་སྒེར་ལྟེ་གནས་སུ་མཆོངས་ནས། ཡང་བསྐྱར་ཐོ་ཨང་གི་མགོ་པར་ལ་རྡེབ་ནས་དྲ་གྲངས་ལྟེ་གནས་ཀྱི་ངོས་སུ་མཆོངས་ཏེ། གསང་བའི་ལྟེ་གནས་ལ་འཛུལ་ནས་ཁྱེད་ཀྱི་རྩིས་ཐོ་ལ་ལྟ་སྤྱོད་བྱེད་པར་ཚོད་འཛིན་ལ་རྡེབ་ནས། ཁྱེད་ཀྱིས་དབང་སྤྲོད་འདོར་དགོས་པའི་ཕྱོགས་གསུམ་པའི་ལས་སྟེགས་འདེམས་པ་དང་། དབང་སྤྲོད་འདོར་བ་ལ་རྡེབ་རྗེས་གཏན་འཁེལ་རྡེབ་པ།

གལ་ཏེ་ཁྱེད་ཀྱིས་ལམ་སྟོན་ཆས་ཀྱི་སྐད་འཕྲིན་གྱི་བརྡ་འཕྲིན་དྲན་སྐུལ་རྩོལ་ནུས་ཀྱི་ཁ་རྒྱག་དགོས་ན། ཁྱེད་རང་ལམ་སྟོན་ཆས་ཀྱི་བྱང་བུ་ནས་སྒྲིག་ཆས་སམ་དེ་ལས་མང་བར་ལྟ་ཞིབ་བྱེད། དེ་ནས་སྐད་འཕྲིན་གྱི་བརྡ་འཕྲིན་དྲན་སྐུལ་ལ་ཕེབས་ནས་རྩོལ་ནུས་འདིའི་ཁ་རྒྱག་ཆོག

གལ་ཏེ་ཁྱེད་ཀྱིས་སྐུད་མེད་ཐགས་ཡངས་སྒྲིག་ཆས་ཀྱི་སྐད་འཕྲིན་གྱི་བརྡ་འཕྲིན་དྲན་སྐུལ་རྩོལ་ནུས་ཀྱི་ཁ་རྒྱག་དགོས་ན། ཁྱེད་རང་སྒྲིག་ཆས་ཀྱི་བྱང་བུར་ཐོ་འཇུག་བྱས་ཏེ་དེ་ལས་མང་བར་ལྟ་ཞིབ་བྱེད་ནས་སྐད་འཕྲིན་གྱི་བརྡ་འཕྲིན་དྲན་སྐུལ་ལ་ཕེབས་ནས་རྩོལ་ནུས་འདིའི་ཁ་རྒྱག་ཆོག

གལ་ཏེ་ཁྱེད་ཀྱིས་རིག་ལྡན་སྒོའི་ཟྭ་ཡི་སྐད་འཕྲིན་གྱི་བརྡ་འཕྲིན་དྲན་སྐུལ་རྩོལ་ནུས་ཀྱི་ཁ་རྒྱག་དགོས་ན། ཁྱེད་རང་སྒྲིག་ཆས་ཀྱི་བྱང་བུ་དོ་དམ་ངོས་ལ་ཐོ་འཇུག་བྱས་ནས། བརྡ་འཕྲིན་བརྡ་ཐོའི་ངོས་ལ་ཕེབས་ནས་རྩོལ་ནུས་འདིའི་ཁ་རྒྱག་ཆོག

6 ཕྱོགས་གསུམ་པའི་ SDK

ཁྱེད་ལ་རྩོལ་ནུས་སམ་ཞབས་ཞུ་ཁ་ཤས་མཁོ་འདོན་བྱ་ཆེད། དཔེར་ན། ཕྱོགས་གསུམ་པའི་རིག་ལྡན་ཁྱིམ་མཁོ་ཞབས་ཞུ། བརྡ་འཕྲིན་འདེད་སྐྱེལ་སོགས་ལྟ་བུ། ང་ཚོས་མཉམ་ལས་རོགས་ཟླའི་མཉེན་ཆས་ལག་ཆའི་གསར་སྤེལ་ཐུམ་ (བསྡུས་མིང་ལ་ SDK ཞེས་འབོད།) མམ་རིགས་འདྲའི་ཉེར་སྤྱོད་བྱ་རིམ་གཞན་དག་གཅིག་བསྡུས་བྱས་ཡོད། དེ་ལས་མང་བའི་ཞིབ་ཕྲའི་གནས་ཚུལ་ཐད་ནས་ཕྱོགས་གསུམ་པའི་ SDK རེའུ་མིག་(https://privacy.consumer.huawei.com/legal/smarthome/privacy-statement.htm?code=CN&language=bo-cn&branchid=3000&contenttag=3rdsdk&version=20231030)ལ་ལྟ་བཤེར་གནང་རོགས།

7 ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དོ་དམ་བྱེད།

ཧྭ་ཝེ་ཡིས་ཁྱེད་ཀྱིས་མི་སྒེར་གྱི་ཆ་འཕྲིན་ལ་དོ་ཁུར་བྱེད་པར་བརྩི་འཇོག་ཆེན་པོ་བྱེད་པ་མ་ཟད། ཁྱེད་རང་ལ་གཤམ་གྱི་གཞི་གྲངས་ཀྱི་གྲུབ་ཆ་གཙོ་བོའི་ཁེ་དབང་དང་གདམ་ག་འདོན་སྤྲོད་བྱས་ཡོད།

(1) ཆ་འཕྲིན་ལ་ལྟ་སྤྱོད་བྱེད་པ།

ཁྱེད་ཀྱིས་བསྡམས་ཟིན་པའི་རིག་ལྡན་སྒྲིག་ཆས་ཀྱི་དྲ་ངོས་གཙོ་ངོས་ནས་སྒྲིག་ཆས་འཁོར་སྐྱོད་ཀྱི་རྣམ་པ་དང་ལོ་རྒྱུས་ཀྱི་ཟིན་ཐོར་ལྟ་ཞིབ་བྱེད་ཆོག་ལ། སྒྲིག་ཆས་ཀྱི་སྒྲིག་འགོད་དྲ་ངོས་ནས་སྒྲིག་ཆས་ཀྱི་ཆ་འཕྲིན་ལ་ལྟ་ཞིབ་བྱེད་ཆོག དེའི་ནང་དུ་སྒྲིག་ཆས་ཀྱི་མིང་དང་། སྒྲིག་ཆས་འཇོག་པའི་གནས་ཡུལ། བཟོ་གྲྭའི་མིང་། སྒྲིག་ཆས་ཀྱི་ MAC གནས་ཡུལ། རིམ་སྟར་ཨང་རྟགས། སྒྲིག་ཆས་དྲ་རྒྱའི་ཆ་འཕྲིན་སོགས་ཀྱི་ཆ་འཕྲིན་ཚུད་ཡོད།

ཁྱེད་ཀྱིས་ངའི་ནས་མཉམ་སྤྱོད་དོ་དམ་གྱི་དྲ་ངོས་ནས་ཁྱིམ་ཚང་ཚོགས་པའི་ཆ་འཕྲིན་ལ་ལྟ་ཞིབ་བྱེད་ཆོག་ལ། བཟོ་ལྗོངས་ནས་ངའི་བཟོ་ལྗོངས་ཀྱི་དྲ་ངོས་ལ་ལྟ་སྤྱོད་བྱས་ཏེ་བཟོ་ལྗོངས་སྒྲིག་འགོད་ཀྱི་ཆ་འཕྲིན་ལ་ལྟ་ཞིབ་བྱེད་ཆོག གཞན་ད་དུང་ཐོ་ཨང་གི་མགོ་པར་ལ་བརྡབས་ནས་ཧྭ་ཝེའི་ཐོ་ཨང་གི་ཉེར་སྤྱོད་དུ་མཆོངས་ནས་ཁྱེད་ཀྱི་ཐོ་ཨང་གི་ཆ་འཕྲིན་ལ་ལྟ་ཞིབ་བྱེད་ཆོག ངའི་ཚོང་ར་ལ་བརྡབས་ནས་ཧྭ་ཝེ་ཁྲོམ་ར་ཡི་ཉེར་སྤྱོད་དུ་མཆོང་སྒྱུར་བྱས་ནས་ཁྱེད་ཀྱི་ཚོང་རའི་སྒྲིག་འགོད་ཀྱི་ཆ་འཕྲིན་དང་བེད་སྤྱོད་ཀྱི་ཟིན་ཐོར་ལྟ་ཞིབ་བྱེད་ཆོག

ཁྱེད་ཀྱིས་ཁྱེད་རང་གི་གློག་ཀླད་དམ་སྤོ་རུང་སྒྲིག་ཆས་ཀྱི་བཤར་ཆས་ཐོག་ཧྭ་ཝེའི་ཐོ་ཨང་སྤྱད་ནས་ཧྭ་ཝེའི་གསང་བའི་ལྟེ་གནས་(https://privacy.consumer.huawei.com/tool)ཐོ་འཇུག་བྱེད་ཆོག དེའི་རྗེས་ཁྱེད་ཀྱི་གཞི་གྲངས་བུ་ཡིག་ལེན་པ་ཅེས་པར་བརྡབས་ནས། ཧྭ་ཝེ་ཡིས་གསོག་འཇོག་བྱས་པའི་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་དང་འབྲེལ་བ་ཡོད་པའི་མི་སྒེར་གྱི་ཆ་འཕྲིན་བུ་ཡིག་ཐོབ་ཐབས་བྱེད་ཆོག་པ་དང་། ཧྭ་ཝེའི་སྤོ་རུང་སྒྲིག་ཆས་ཀྱིས་སྒྲིག་འགོད་ནས་ཧྭ་ཝེའི་ཐོ་ཨང་། དེ་ནས་གསང་བའི་ལྟེ་གནས། ཁྱེད་ཀྱི་གཞི་གྲངས་བུ་ཡིག་ལེན་པ་བརྒྱུད་དེ་ཐོབ་ཐབས་བྱ་རྒྱུར་ཡང་རྒྱབ་སྐྱོར་བྱེད།

(2) ཆ་འཕྲིན་བཅོས་པ།

ཁྱེད་རང་གིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་གསར་སྒྱུར་བྱེད་དགོས་པའམ་ཡང་ན་ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྟངས་ལ་ནོར་འཁྲུལ་ཡོད་པ་གསར་རྙེད་བྱུང་སྐབས་ཁྱེད་རང་ལ་དག་བཅོས་སམ་གསར་སྒྱུར་བྱེད་པའི་དབང་ཆ་ཡོད།

ཁྱེད་ཀྱིས་བསྡམས་ཟིན་པའི་རིག་ལྡན་སྒྲིག་ཆས་ཀྱི་གཙོ་ངོས་དང་སྒྲིག་ཆས་ཀྱི་སྒྲིག་འགོད་མཚམས་ངོས་སུ་སྒྲིག་ཆས་འཁོར་བསྐྱོད་ཀྱི་དཔྱད་གྲངས་སྒྲིག་འགོད་དང་སྒྲིག་ཆས་ཀྱི་ཆ་འཕྲིན་བཟོ་བཅོས་བྱེད་ཆོག

ཁྱེད་ཀྱིས་ངའི་ནས་མཉམ་སྤྱོད་དོ་དམ་དྲ་ངོས་ནས་ཁྱིམ་ཚང་གི་ཚོགས་པའི་ཆ་འཕྲིན་ལ་བཟོས་ཆོག་ལ། བཟོ་ལྗོངས་ནས་ངའི་བཟོ་ལྗོངས་དྲ་ངོས་སུ་ཕེབས་ཏེ་བཟོ་ལྗོངས་སྒྲིག་འགོད་ཀྱི་ཆ་འཕྲིན་ལ་བལྟ་ཆོག གཞན་ད་དུང་རྩིས་ཐོའི་མགོ་པར་ལ་རྡེབ་ནས་ཧྭ་ཝེའི་ཐོ་ཨང་གི་ཉེར་སྤྱོད་དུ་ལྡིང་ནས་ཁྱེད་ཀྱི་རྩིས་ཐོའི་ཆ་འཕྲིན་བཟོས་ཆོག ངའི་ནས་ངའི་ཚོང་ར་ལ་རྡེབ་ནས་ཧྭ་ཝེ་ཁྲོམ་ར་ཡི་ཉེར་སྤྱོད་དུ་མཆོངས་ནས་ཁྱེད་ཀྱི་ཚོང་ཁྲོམ་གྱི་སྒྲིག་འགོད་ཀྱི་ཆ་འཕྲིན་བཟོ་བཅོས་བྱས་ཆོག

(3) ཆ་འཕྲིན་སུབ་པ།

ཁྱེད་ཀྱིས་དུས་གང་རུང་དུ་སྒྲིག་ཆས་བྱང་བུ་སུབ་པའམ་སྒྲིག་ཆས་དང་བསྡམ་པ་ཤིག་ནས་ཁྱེད་ཀྱིས་བསྡམས་ཟིན་པའི་རིག་ལྡན་སྒྲིག་ཆས་སུབ་ཆོག རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་རང་གནས་དང་ཞབས་ཞུ་ཆས་ཐོག་ཏུ་གསོག་འཇོག་བྱས་པའི་སྒྲིག་ཆས་ཀྱི་ཆ་འཕྲིན་གཙང་སེལ་བྱེད་ཆོག ཁྱེད་ཀྱི་རིག་ལྡན་སྒྲིག་ཆས་ཀྱི་བེད་སྤྱོད་ཉམས་ལེན་མཐོར་འདེགས་གཏང་ཆེད། སྒྲིག་ཆས་བསྐྱར་སྒྲིག་བྱས་རྗེས། སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (SN) མུ་མཐུད་དུ་ཉིན་ 7 ཉར་ཚགས་བྱ་སྲིད། ཉིན་ 7 ནང་དུ་ཁྱེད་ཀྱིས་སྒྲིག་ཆས་གཅིག་པ་ལ་ཡང་བསྐྱར་ཐོ་འགོད་སྐབས་མུ་མཐུད་དུ་སྔར་ཡོད་ཀྱི་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (SN) བེད་སྤྱོད་བྱེད་སྲིད།

གལ་ཏེ་ཁྱེད་ཀྱིས་ཧྭ་ཝེའི་ཁྱིམ་ཡོངས་ཁང་ལེན་ཡང་ན་ལས་བཟོ་བར་འབྲེལ་གཏུག་བྱས་ནས་ཁྱིམ་ཐོན་སྒྲིག་འཇུག་བྱས་པའི་སྒྲིག་ཆས་ཡིན་ན། ཁྱེད་ཀྱིས་ཞིབ་ཕྲའི་གཙོ་འཕྲུལ་དང་ངོས་པང་སྒྲིག་ཆས་ཀྱི་བཀོལ་སྤྱོད་མཛུབ་ཁྲིད་ལ་ཟུར་དཔྱད་བྱས་ནས་ཁང་སྤྲོད་བཀོལ་སྤྱོད་སླར་གསོ་བྱས་ནས་རང་གནས་དང་ཞབས་ཞུ་ཆས་ཁྲོད་དུ་གསོག་འཇོག་བྱས་པའི་སྒྲིག་ཆས་ཀྱི་ཆ་འཕྲིན་གཙང་སེལ་བྱ་ཆོག

ཁྱེད་ཀྱིས་ག་དུས་ཡིན་ཡང་བཟོ་ལྗོངས་ནས་ངའི་བཟོ་ལྗོངས་ཀྱི་དྲ་ངོས་ལ་ཕེབས་ཏེ། ཁྱེད་ནས་སྔོན་མངག་བྱས་པའི་བཟོ་ལྗོངས་ཤོག་བྱང་སུབ་ཆོག ཞབས་ཞུ་ཆས་ཐོག་གསོག་འཇོག་བྱས་པའི་ཁྱེད་རང་གི་བཟོ་ལྗོངས་ཤོག་བྱང་གི་སྒྲིག་འགོད་ཆ་འཕྲིན་གོམ་མཉམ་ཐོག་ནས་བསུབ་སྲིད། ཧྭ་ཝེའི་ལག་ཁྱེར་ཁ་པར་གྱི་བཟོ་ཐོན་སྔོན་སྒྲིག་གི་རིག་ལྡན་འཚོ་བའི་པར་གཞི་ཡིས་བཟོ་ལྗོངས་རྩོལ་ནུས་ལ་རྒྱབ་སྐྱོར་མི་བྱེད། དེ་བས་གོང་བརྗོད་ཀྱི་བརྒྱུད་ལམ་ཉེར་སྤྱོད་ཁྲོམ་ར་ནས་རིམ་སྤོར་སྒྲིག་འཇུག་བྱས་པའི་རིག་ལྡན་འཚོ་བའི་པར་གཞིའི་ཁྲོད་ནས་ནུས་པ་ཐོན།

གལ་ཏེ་ཁྱེད་ཀྱིས་ཧྭ་ཝེའི་ཚོགས་མིའི་ལྟེ་གནས་སྒྲིག་འཇུག་བྱས་མེད་ན། ཁྱེད་ཀྱིས་ག་དུས་ཡིན་ཡང་རིག་ལྡན་འཚོ་བའི་ཁྲོད་ནས་ངའི་རུ་ཕེབས་ནས། ཐོ་ཨང་གི་མགོ་པར་ལ་བརྡབས་ནས་ཧྭ་ཝེའི་ཐོ་ཨང་དྲ་ངོས་ལ་མཚོང་སྒྱུར་གྱིས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ལྟ་སྤྱོད་དང་ཐོ་སུབ་ཚོད་འཛིན་བྱས་ཆོག

གལ་ཏེ་ཁྱེད་ཀྱིས་ཧྭ་ཝེའི་ཚོགས་མིའི་ལྟེ་གནས་སྒྲིག་འཇུག་བྱས་ཡོད་ན། ཁྱེད་ཀྱིས་ག་དུས་ཡིན་ཡང་རིག་ལྡན་འཚོ་བའི་ཁྲོད་ནས་ངའི་རུ་ཕེབས་ནས། ཐོ་ཨང་གི་མགོ་པར་ལ་བརྡབས་ནས་མི་སྒེར་ལྟེ་གནས་དྲ་ངོས་སུ་མཆོངས་སྒྱུར་བྱས་ཏེ། ཐོ་ཨང་གི་མགོ་པར་ལ་བརྡབས་ཏེ་ཧྭ་ཝེའི་ཐོ་ཨང་དྲ་ངོས་སུ་མཆོང་སྒྱུར་བྱས་རྗེས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ལྟ་སྤྱོད་དང་རྩིས་ཐོ་སུབ་པར་ཚོད་འཛིན་བྱེད་ཆོག

ཁྱེད་ཀྱིས་ག་དུས་ཡིན་ཡང་རིག་ལྡན་འཚོ་བའི་ཉེར་སྤྱོད་བཤིག་ཕབ་བྱེད་པའམ་རིག་ལྡན་འཚོ་བའི་ཉེར་སྤྱོད་གཞི་གྲངས་གཙང་སེལ་བྱས་ནས། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་རང་གནས་སུ་གསོག་འཇོག་བྱས་པའི་གཞི་གྲངས་གཙང་སེལ་བྱེད་ཆོག དེ་མིན་རིག་ལྡན་འཚོ་བའི་ཁྲོད་ཀྱི་ངའི་ནས་སྒྲིག་འགོད། དེ་ནས་སྐོར་དུ་ཕེབས་ཏེ། ཞབས་ཞུ་མཚམས་འཇོག་ལ་བརྡབས་ནས་རིག་ལྡན་འཚོ་བའི་ཞབས་ཞུ་སྤྱོད་མཚམས་འཇོག་པ་མ་ཟད་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་རང་གནས་དང་ཞབས་ཞུ་ཆས་ཀྱི་ཐོག་ཏུ་གསོག་འཇོག་བྱས་པའི་མི་སྒེར་གྱི་ཆ་འཕྲིན་གཙང་སེལ་བྱེད་ཆོག

(4) ཕྱིར་འཐེན་བྱེད་པར་མོས་མཐུན་ཡོད་པ།

གལ་ཏེ་ཁྱེད་ཀྱིས་ཁྱེད་ཀྱི་ཆ་འཕྲིན་ཐག་གཅོད་ཕྱིར་འཐེན་བྱ་དགོས་ན། ཁྱེད་ཀྱིས་གཤམ་གྱི་ལས་སྒོའི་ལྟོས་ཟླའི་བརྒྱུད་ལམ་དུ་སོང་ནས་ཁྱེད་ཀྱི་མོས་མཐུན་ཕྱིར་འཐེན་བྱས་ཆོག

ཁྱེད་རང་ངའི། སྒྲིག་འགོད། སྐོར། དེ་ནས་རིག་སྲན་ཞབས་ཞུ་རུ་བསྐྱོད་དེ། རིག་སྲན་ཞབས་ཞུ་ཕྱིན་འཐེན་བྱས་ནས། མི་སྒེར་གྱི་ཆ་འཕྲིན་སྤྱོད་དབང་གི་མོས་མཐུན་ཕྱིར་འཐེན་བྱེད་ཆོག ཧྭ་ཝེའི་ལག་ཁྱེར་ཁ་པར་གྱི་བཟོ་ཐོན་སྔོན་སྒྲིག་གི་རིག་ལྡན་འཚོ་བའི་པར་གཞི་ཡིས་རིག་སྲན་ཞབས་ཞུའི་རྩོལ་ནུས་ལ་རྒྱབ་སྐྱོར་མི་བྱེད། དེ་བས་གོང་བརྗོད་ཀྱི་བརྒྱུད་ལམ་ཉེར་སྤྱོད་ཁྲོམ་ར་ནས་རིམ་སྤོར་སྒྲིག་འཇུག་བྱས་པའི་རིག་ལྡན་འཚོ་བའི་པར་གཞིའི་ཁྲོད་ནས་ནུས་པ་ཐོན།

ཁྱེད་ཀྱིས་ངའི་ནས་སྒེར་གསང་དོ་དམ། དེ་ནས་ཧྭ་ཝེའི་སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞིའི་ནང་དུ་ཞུགས་པ་ལ་ལྟ་སྤྱོད་བྱེད་ནས། སྤྱོད་པ་པོའི་ཉམས་ལེན་ལེགས་བཅོས་འཆར་གཞི་ལས་བུད་དེ། མི་སྒེར་གྱི་ཆ་འཕྲིན་བེད་སྤྱོད་བྱེད་པའི་མོས་མཐུན་ཕྱིར་འཐེན་བྱེད་ཆོག

ཁྱེད་རང་ངའི་ནས་སྒྲིག་འགོད་དུ་བསྐྱོད་དེ། བརྡ་འཕྲིན་བརྡ་ཐོའི་ཁ་བརྒྱབ་སྟེ་བརྡ་འཕྲིན་མཉམ་གཏོང་ཞབས་ཞུ་ཁ་རྒྱག་ཆོག་ལ། མི་སྒེར་གྱི་ཆ་འཕྲིན་སྤྱོད་དབང་གི་མོས་མཐུན་ཕྱིར་འཐེན་བྱེད་ཆོག

(5) ཞབས་ཞུ་མཚམས་འཇོག

ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཁ་ཕྱེ་སྟེ་ངའི་ནས་སྒྲིག་འགོད། སྐོར་སུ་བསྐྱོད་ནས། ཞབས་ཞུ་མཚམས་འཇོག་པ་ལ་རྡེབ་སྟེ་མི་སྒེར་ཆ་འཕྲིན་བེད་སྤྱོད་པའི་མོས་མཐུན་ཕྱིར་འཐེན་བྱེད་པ་མ་ཟད་རིག་ལྡན་འཚོ་བའི་ཞབས་ཞུ་བེད་སྤྱོད་པ་མཚམས་འཇོག་ཆོག ཐེངས་རྗེས་མར་རིག་ལྡན་འཚོ་བའི་ཞབས་ཞུ་བེད་སྤྱོད་སྐབས་ཡང་བསྐྱར་དབང་སྤྲོད་བྱ་དགོས། གལ་ཏེ་ཁྱེད་ཀྱིས་ཁྱེད་ཀྱི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ལ་དོགས་གནད་དང་བསམ་འཆར། ཡང་ན་གྲོས་འགོ་གང་རུང་ཡོད་ཚེ། གསལ་བསྒྲགས་འདིའི་ནང་ཇི་ལྟར་ང་ཚོར་འབྲེལ་གཏུག་བྱེད་ཅེས་པའི་ས་བཅད་ནང་དུ་བརྗོད་པའི་བྱ་ཐབས་བརྒྱུད་ནས་ང་ཚོ་དང་འབྲེལ་གཏུག་གནང་བ་མ་ཟད། ཁྱེད་ཀྱི་འབྲེལ་ཡོད་ཁེ་དབང་ལག་ལེན་བསྟར་ཆོག

8 ཆ་འཕྲིན་ཉར་ཚགས་བྱེད་གནས་དང་དུས་བཅད།

གོང་བརྗོད་ཆ་འཕྲིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་ཡོད་པའི་ཞབས་ཞུ་ཆས་ཀྱི་ཐོག་ཏུ་བརྒྱུད་གཏོང་བྱ་བ་མ་ཟད་དེར་ཉར་ཚགས་བྱ་སྲིད།

ང་ཚོས་གསལ་བསྒྲགས་འདིའི་ནང་དུ་འཁོད་ཡོད་པའི་དམིགས་ཡུལ་མངོན་འགྱུར་ཡོང་ཆེད་དགོས་པའི་དུས་ཚོད་ཁོ་ནའི་ནང་དུ། ཁྱེད་མི་སྒེར་གྱི་ཆ་འཕྲིན་ཉར་གསོག་བྱེད་པ་མ་ཟད། གཤམ་གསལ་ཉར་གསོག་གི་དུས་ཚོད་ལས་བརྒལ་རྗེས། ཁྱེད་མི་སྒེར་གྱི་ཆ་འཕྲིན་བསུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན། བཅའ་ཁྲིམས་ཁྲིམས་སྲོལ་གྱིས་ཟུར་དུ་རེ་བ་བཏོན་ཡོད་པ་ཕུད།

རིག་ལྡན་འཚོ་བའི་ལས་སྒོའི་ཁྲོད། ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཉར་འཇོག་བྱེད་པའི་ཞིབ་ཕྲའི་དུས་ཚོད་གཤམ་གསལ་ལྟར།

རིག་ལྡན་འཚོ་བའི་ཉེར་སྤྱོད་རང་གནས་སུ་གསོག་འཇོག་བྱེད་པའི་གཞི་གྲངས་ལ་མཚོན་ན། ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཉེར་སྤྱོད་བཤིག་ཕབ་བྱེད་པའམ་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་གཞི་གྲངས་གཙང་སེལ་བྱེད་པའམ་ཁྱེད་རང་གི་ཧྭ་ཝེའི་ཐོ་ཨང་གི་རྩིས་ཐོ་བསུབས་རྗེས། གསོག་འཇོག་བྱས་པའི་གཞི་གྲངས་ཚང་མ་འཕྲལ་དུ་བསུབ་སྲིད།

ཞབས་ཞུ་ཆས་སུ་གསོག་འཇོག་བྱས་པའི་རིག་ལྡན་སྒྲིག་ཆས་དང་ལས་སྒོའི་གཞི་གྲངསལ་མཚོན་ན། ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཁྲོད་ནས་སྒྲིག་ཆས་སམ་བཟོ་ལྗོངས་ཤོག་བྱང་སུབ་པ། ཧྭ་ཝེའི་ཐོ་ཨང་གི་རྩིས་ཐོ་སུབ་པའམ། ཡང་ན་ངའི་ནས་སྒྲིག་འགོད། དེ་ནས་སྐོར་དུ་ཕེབས་ཏེ་ཞབས་ཞུ་མཚམས་འཇོག་ལ་རྡེབ་པ་མ་ཟད་རིག་ལྡན་འཚོ་བའི་ཞབས་ཞུ་སྤྱོད་མཚམས་འཇོག་སྐབས། གསོག་འཇོག་བྱས་པའི་གཞི་གྲངས་ཚང་མ་འཕྲལ་མར་བསུབ་སྲིད། ཁྱེད་ཀྱིས་ངའི་བཟོ་ལྗོངས་དྲ་ངོས་སུ་བཟོ་ལྗོངས་ཤོག་བྱང་བསུབ་རྗེས། བཟོ་ལྗོངས་ཤོག་བྱང་གི་ཆ་འཕྲིན་འཕྲལ་མར་བསུབ་སྲིད།

ཞབས་ཞུ་ཆས་ཀྱི་ཐོག་གསོག་འཇོག་བྱས་པའི་ལས་སྒོའི་ཉིན་ཐོ་དང་། བསྡོམས་རྩིས་གཞི་གྲངས། འཁོར་སྐྱོད་ཚོང་གཉེར་བྱེད་སྒོའི་གཞི་གྲངས། ལོ་རྒྱུས་ཟིན་ཐོ་བཅས་ལ་མཚོན་ན། ང་ཚོས་དུས་ངེས་ཅན་མིན་པར་ཞབས་ཞུ་ཆས་ཀྱི་གཞི་གྲངས་གཙང་སེལ་བྱེད་སྐབས་སུབ་སྲིད། གཞི་གྲངས་ཉར་ཚགས་བྱེད་ཡུན་ལོ་གཉིས་ (2) ལས་མི་བརྒལ།

བྱ་དགའི་རྒྱན་ལེན་དང་། དངུལ་བརྗེ་འབྲེལ་ཡོད་ཀྱི་ཆ་འཕྲིན་གཞི་གྲངས་ཉར་ཚགས་བྱེད་ཡུན་ལོ་གཉིས་ (2) ཡིན།

ཞབས་ཞུ་ཆས་སུ་ཉར་ཚགས་བྱས་པའི་སྒྲིག་ཆས་རིམ་སྤོར་གྱི་གཞི་གྲངས་ལ་མཚོན་ན། ཉར་ཡུན་ནི་སྤྱིར་བཏང་དུ་ཟླ་བ་དྲུག་ (6) ལས་མི་བརྒལ། འོན་ཀྱང་གཞི་གྲངས་འདི་དག་ལས་སྒོའི་འཁོར་སྐྱོད་དབྱེ་ཞིབ་ཀྱི་བཟོ་ལྗོངས་སུ་སྤྱོད་སྐབས། ཉར་ཡུན་ནི་ལོ་བདུན་ (7) ལས་མི་བརྒལ།

གཏུག་བཤེར་ཐེར་འདོན་གྱི་རྩོལ་ནུས་གཞིར་བཟུང་ནས་བསྡུ་རུབ་བྱས་པའི་ཆ་འཕྲིན་ལོ་གཉིས་ (2) ལ་ཉར་ཚགས་བྱེད་པའམ་ཧྭ་ཝེའི་ཐོ་ཨང་གི་རྩིས་ཐོ་བསུབས་རྗེས་བསུབ་རྒྱུ་ཡིན།

གལ་ཏེ་ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་སྤྱོད་དགོས་ཚེ། ང་ཚོས་གསང་བའི་གསལ་བསྒྲགས་འདིར་བརྗོད་པའི་ཁྱེད་ཀྱི་མི་སྒེར་གྱི་ཐོ་ཨང་གི་ཆ་འཕྲིན་ནམ་ཡང་ཉར་ཚགས་བྱས་ཏེ། ཁྱེད་ཀྱིས་རྒྱུན་ལྡན་ལྟར་ཧྭ་ཝེའི་ཐོ་ཨང་དང་འབྲེལ་ཡོད་ཀྱི་ཧྭ་ཝེའི་ཞབས་ཞུ་སྤྱོད་ཐུབ་པར་ཁག་ཐེག་བྱ་སྲིད། ཁྱེད་ཀྱིས་རྩིས་ཐོ་བསུབས་རྗེས། ང་ཚོས་ནམ་ཡང་ཁྱེད་ཀྱི་ཐོ་ཨང་འོག་གི་དཔྱད་ཡིག་དང་ཡིག་ཆ། གྲབས་ཉར་གསོག་འཇོག་གི་ནང་དོན་བཅས་ཚང་མ་བསུབ་རྒྱུ་ཡིན།

དེ་མིན། ང་ཚོའི་ཐོན་རྫས་སམ་ཞབས་ཞུ་ལ་ཚོང་གཉེར་བྱེད་མཚམས་བཞག་པའི་གནས་ཚུལ་བྱུང་དུས། ང་ཚོས་བརྡ་ཐོ་མཉམ་གཏོང་དང་སྤྱི་བསྒྲགས་སོགས་ཀྱི་རྣམ་པས་ཁྱེད་ལ་བརྡ་ཐོ་གཏོང་བ་མ་ཟད། ལུགས་མཐུན་གྱི་དུས་བཀག་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསུབ་པའམ་ཡང་ན་མིང་མི་འགོད་པའི་ཐག་གཅོད་བྱ་སྲིད།

9 སྤྱོད་མཁན་གྱི་ཁེ་དབང་དང་འབྲེལ་བའི་གསལ་འདེབས་བྱ་དགོས་པའི་དོན་ཚན་དང་འགན་མེད་ཀྱི་རྒྱུ་རྐྱེན་གཞན་དག

ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་མཚམས་ངོས་བརྒྱུད་དེ་ཕྱོགས་གསུམ་པའི་དྲ་ཚུགས་སམ་ཚོད་འཛིན་མཚམས་ངོས་འགའ་རེའི་ནང་དུ་འཛུལ་ཆོག་སྟེ། ཁྱེད་ཀྱིས་མགྱོགས་ལ་སྟབས་བདེ་བའི་ཞབས་ཞུ་ལོངས་སུ་སྤྱོད་བདེ་བའི་ཆེད་དུ་ཡིན། མཚམས་ངོས་འདི་ཚོ་ནི་ཕྱོགས་གསུམ་པས་ཁེར་རྐྱང་དུ་མཁོ་འདོན་བྱེད་ཅིང་། ཧྭ་ཝེ་ཡིས་དྲ་ངོས་ཀྱི་ནང་དོན་དང་ཞབས་ཞུ། ཆ་འཕྲིན་སོགས་ཀྱི་ཐད་ལ་གསལ་སྟོན་ནམ་ཟུར་བསྟན་ཐོག་གི་ཁག་ཐེག་ཅི་ཡང་མཁོ་འདོན་མི་བྱེད།

ཁྱེད་ཀྱིས་རང་ཚུགས་ཀྱིས་ཁྱེད་དང་སྦྲེལ་བའི་དྲ་ཚུགས་ཕན་ཚུན་གྱི་བྱ་སྤྱོད་ལ་བརྡར་ཤ་གཅོད་དགོས། ཁྱེད་ཀྱིས་ཐེངས་དང་པོར་ཕྱོགས་གསུམ་པའི་དྲ་ངོས་ནང་དུ་མ་འཛུལ་གོང་ལ། ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པས་ཁྱེད་ལ་འབྲེལ་ཡོད་ཀྱི་གྲོས་མཐུན་དང་གསང་བའི་གསལ་བསྒྲགས་སྟོན་སྲིད། ཁྱེད་ཀྱིས་གྲོས་མཐུན་དང་གསང་བའི་གསལ་བསྒྲགས་འདི་ཚོ་ནན་ཏན་གྱིས་དཔེ་ཀློག་གནང་རོགས། ཕྱོགས་གསུམ་པའི་ཀུང་སི་འདི་དག་གིས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་ལས་འགྱུར་སྐྱེས་ཀྱི་སྒོ་འབྱེད་ ID བེད་སྤྱད་ནས་གཞི་གྲངས་བསྡུ་རུབ་བྱེད། གོང་བརྗོད་ཀྱི་གཞི་གྲངས་ནི་ཕྱོགས་གསུམ་པས་ཁེར་རྐྱང་དུ་ཐག་གཅོད་བྱེད་ཅིང་། ཧྭ་ཝེ་ཡིས་གཞི་གྲངས་འདི་ཚོར་རེག་ཐབས་བྲལ།

10 ང་ཚོ་དང་ཇི་ལྟར་འབྲེལ་བ་བྱེད་དམ།

ང་ཚོས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཀྱི་འགན་འཁུར་བ་དམིགས་འཛུགས་བྱས་ཡོད་པ་དང་། ཁྱེད་ཀྱིས་སྦྲེལ་མཐུད་འདི་(https://consumer.huawei.com/cn/legal/privacy-questions/)བརྒྱུད་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་འགན་འཁུར་མཁན་དང་འབྲེལ་གཏུག་བྱས་ཆོག ཁྱེད་ཀྱིས་སྒེར་གསང་གནད་དོན་གྱི་དྲ་ངོས་(https://consumer.huawei.com/cn/legal/privacy-questions/)ལ་ལྟ་སྤྱོད་བྱེད་པ་བརྒྱུད་ནས་ང་ཚོ་དང་འབྲེལ་བ་བྱེད་ཆོག ང་ཚོས་གང་མགྱོགས་ཀྱིས་ལན་བསློག་ངེས་ཡིན།

གལ་ཏེ་ཁྱེད་ཀྱིས་ང་ཚོ་ནས་ལན་བསློགས་པ་དེ་བློ་ལ་མ་བབ་ན། ལྷག་པར་དུ་ང་ཚོའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་པའི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་ཚེ། ཁྱེད་ཀྱིས་དོ་དམ་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ། ལས་རིགས་རང་བདག་མཐུན་ཚོགས་སམ་སྲིད་གཞུང་གི་འབྲེལ་ཡོད་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་ཕྱི་རོལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་ཆོག ཁྱེད་ཀྱིས་ཀྱང་ང་ཚོའི་ཕྱོགས་ནས་སྤྱད་འཐུས་ཀྱི་འབྲེལ་ཡོད་ཞུ་གཏུག་ཐབས་ལམ་གྱི་ཆ་འཕྲིན་ལ་རྒྱུས་ལོན་བྱ་ཆོག

ཧྭ་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་སྒེར་གསང་སྲིད་ཇུས་ལ་བརྩི་སྲུང་བྱས་ནས་ཁྱེད་ཀྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད། ང་ཚོའི་སྒེར་གསང་སྲིད་ཇུས་སྐོར། ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་སྒེར་གསང་གསལ་བསྒྲགས་(https://consumer.huawei.com/minisite/legal/privacy/statement.htm?code=CN&language=bo-CN)ལ་ཟུར་དཔྱད་བྱ་ཆོག